དབྱིན་ཡིག་བརྡ་སྤྲོད་སློབ་ཚན། ༠༣

Поделиться
HTML-код
  • Опубликовано: 20 окт 2024
  • སློབ་ཚན་འདིའི་ནང་ང་ཚོའི་སྦྱང་བྱ་ནི། ད་ལྟ་བ་དངོས་ཀྱི་རྗོད་པ་བཟོ་སྟངས་སྐོར་ཡིན།
    དེ་ཡང་ད་ལྟ་བ་དངོས་ཀྱི་བརྗོད་པ་ཟེར་ན། བྱ་ཚིག་མཐར་ ing (བཞིན) ཅན་ལ་ཟེར། དེ་ནི་བྱ་བ་གང་ཞིག་བྱེད་བཞིན་པ་ལ་ཟེར།
    དཔེར་ན། བྱ་ཚིག་དངོས་ནི། come,go,eat ཡོང་བ། འགྲོ་བ། ཟ་བ་ལྟ་བུ་ཡིན་ལ། འདིའི་མཐར། ing གནན་པས། coming,going,eating ཡོང་བཞིན་པ། འགྲོ་བཞིན་པ། ཟ་བཞིན་པ་བཅས་ཆག་གི་ཡོད།
    ང་བོད་ལ་འགྲོ་བཞིན་ཡོད། I’m going to Tibet.
    ཁོ་ཆུ་འཐུང་བཞིན་འདུག། He is drinking water.
    ཁོང་ཚོ་གླུ་ལེན་བཞིན་འདུག། They are singing .
    བརྗོད་པ་འདི་བཟོ་དུས། ངེས་པར་དུ་བྱ་ཚིག་གི་སྔོན་ལ། is, am, are, was, were, will be འདི་དྲུག་པོ་གང་རུང་བེད་སྤྱོད་གཏོང་དགོས།
    བཞིན་ཅན་གྱི་བྱ་ཚིག་དེ་དག་ད་ལྟ་བ་ལ་འཇུག་པའི་ངེས་པ་མེད། དཔེར་ན། ཁ་སང་འདིའི་དུས་ཚོད་ལ་ང་དེབ་ཀློག་བཞིན་པ་རེད། I was reading book at this time last day. ལྟ་བུ་ལ་མཚོན་ན། དུས་འདས་པ་ཡིན་ཡང་བཞིན་བེད་སྤྱོད་གཏོང་གི་ཡོད།
    གོང་གི་འཕྲད་དྲུག་པོ་དག། བྱ་ཚིག་ལ་འཇུག་ན། བྱ་ཚིག་དེ་ངེས་པར་དུ་ing (བཞིན) ཅན་གྱི་བྱ་ཚིག་ཡིན་དགོས། ✖️you are go,✖️ you are eat, འདི་ལྟུ་བུའི་བརྗོད་པ་བཟོ་མི་རུང་།
    འདྲི་ཚིག་སྐབས། ཐེངས་སྔ་མའི་སློབ་ཚན་ནང་བཤད་པ་ལྟར། འཕྲད་དྲུག་པོ་དེ་གང་རུང་རང་རང་གི་འཇུག་ཡུལ་ལ་བལྟས་ནས། སྔོན་ལ་བྲིས་རྗེས། དེའི་རྗེས་སུ་བྱེད་པ་པོ། དེའི་རྗེས་སུ་བྱ་ཚིག། དེའི་རྗེས་སུ་བྱ་ཡུལ་སོགས་རིམ་པས་བྲི་དགོས། དཔེར་ན། ཁྱེད་རང་ཀུ་ཤུ་ཟ་བཞིན་ཡོད་དམ། are you eating apple?
    ཡང་འདྲི་ཚིག། what,where,whenསོགས་བེད་སྤྱོད་བཏང་ནས་འདྲི་བ་བཟོ་དགོས་ན། ཐོག་མར་འདྲི་ཚིག་དེ་བྲིས་རྗེས། དེའི་རྗེས་སུ་གོང་བཞིན་ཡིན། དཔེར་ན། ཁྱེད་རང་ག་རེ་ཟ་བཞིན་ཡོད། what are you eating? ལྟ་བུ་རྗོད་དགོས།

Комментарии • 6