Tibetan song I Dreamet Panchen Lama by Yadong པཎ་ཆེན་མཇལ་བ་རྨིས་སོང་། གཞས་པ། ཡ་དོང་།

Поделиться
HTML-код
  • Опубликовано: 11 сен 2024
  • གཞས་ཚིག
    ༼པཎ་ཆེན་མཇལ་བ་རྨིས་སོང་།༽
    གཞས་པ། ཡ་དོང་ནས།
    མདང་སུམ་ང་ཡི་རྨི་ལམ།
    ཉི་ཟླ་རི་བོའི་རྩེ་ལ།
    འཇའ་འོད་ཤར་བ་རྨིས་སོང་།
    འོ་འོ། གསེར་ཁྲི་པདྨའི་སྟེང་ལ།
    ཨའ་འ། པཎ་ཆེན་བཞུགས་པ་རྨིས་སོང་།
    ཉི་ཟླ་རི་བོའི་རྩེ་ལ།
    འཇའ་འོད་ཤར་བ་རྨིས་སོང་།
    ཨའ་འ། གསེར་ཁྲི་པདྨའི་སྟེང་ལ།
    འོ་འོ། པཎ་ཆེན་བཞུགས་པ་རྨིས་སོང་།
    མདང་སུམ་ང་ཡི་རྨི་ལམ།
    མི་ཉག་གངས་དཀར་རི་ལ།
    མཆོད་པ་འབུལ་བ་རྨིས་སོང་།
    འོ་འོ། པཎ་ཆེན་སྣང་བ་མཐའ་ཡས་།
    ཞབས་སོར་འཁོད་པ་རྨིས་སོང་།
    མི་ཉག་གངས་དཀར་རི་ལ།
    མཆོད་པ་འབུལ་བ་རྨིས་སོང་།
    འོ་འོ། པཎ་ཆེན་སྣང་བ་མཐའ་ཡས་།
    འོ་འོ། ཞབས་སོར་འཁོད་པ་རྨིས་སོང་།
    མདང་སུམ་ང་ཡི་རྨི་ལམ།
    གནས་ཆེན་ཁ་བ་དཀར་ལ།
    མཇལ་དར་འབུལ་བ་རྨིས་སོང་།
    འོ་འོ། པཎ་ཆེན་ཡིད་བཞིན་ནོར་བུ།
    ཞལ་རས་མཇལ་བ་རྨིས་སོང་།
    གནས་ཆེན་ཁ་བ་དཀར་ལ།
    མཇལ་དར་འབུལ་བ་རྨིས་སོང་།
    འོ་འོ། པཎ་ཆེན་ཡིད་བཞིན་ནོར་བུ།
    འོ་འོ། ཞལ་རས་མཇལ་བ་རྨིས་སོང་།
    འོ་འོ། ཞལ་རས་མཇལ་བ་རྨིས་སོང་།
    འོ་འོ། ཞལ་རས་མཇལ་བ་རྨིས་སོང་།

Комментарии •