སྔར་སྲོལ་གྱི་ལམ་ལུགས་བཞིན་རྒྱུད་ལ་གསར་ཞུགས་གནང་བཞིན་པའི་བརྙན་ཐུང་།

Поделиться
HTML-код
  • Опубликовано: 21 ноя 2024
  • ༄༅།།དེ་རིང་སྟེ་ཕྱི་ལོ་༢༠༢༤ ཟླ ༡༡ ཚེས ༢༡ དང་བོད་ཟླ ༩ ཚེས་༢༡ ཉིན་གསང་སྔགས་རིག་པ་འཛིན་པའི་སྡེ་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་རྒྱུད་ལ་གསར་དུ་ཞུགས་མཁན་རྣམས་ཀྱིས་ཆོས་ཐོག་ཅིག་དང་བསྟུན་ཏེ་སྙན་གསན་སྔ་ཕྱི་གསུམ་རིམ་བརྒྱུད། ཉིན་བཅོ་ལྔའི་རིང་གཙུག་ལག་ཁང་གི་མདུན་ཐང་དུ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་གསུམ་པའི་མཚམས་སྦྱོར་ཡན་ཆད་དང་། དཔལ་གསང་བ་འདུས་པའི་འདོན་ཆོག་བདག་མདུན་གཉིས་དང་སྨོན་ལམ་ཤིས་བརྗོད། དཔལ་འཁོར་ལོ་སྡོམ་པའི་རྩ་རྒྱུད་ལེའུ་དང་པོ་བཅས་ཚིག་གཅིག་ཀྱང་མ་ཐོགས་པར་སྐྱོར་དགོས། སྐྱོར་སྦྱང་སྐབས་གསར་བུ་པ་སོ་སོའི་ཁག་ཐེག་དགེ་རྒན་རྣམས་མ་གཏོགས་སུས་ཀྱང་བལྟས་ནས་སྡོད་མི་ཆོག།ཁག་ཐེག་དགེ་རྒན་རྣམ་པས་རང་གི་དགེ་ཕྲུག་ཡིན་མིན་ལ་མ་ལྟོས་པར་མགྱོགས་དལ་དང་གདངས་འགྲིག་མིན་ཐད་ལྟ་རྟོག་དང་བསླབ་བྱ་གནང་དགོས།ཚིག་གསལ་ལ་གདངས་འགྲིག་པོ་བྱུང་ན་ཉིན་བཅོ་ལྔ་ཙམ་ནས་དགེ་བསྐོས་ཀྱིས་གཟིགས་བསྐོར་གནང་ནས་བླ་དབུ་ལ་ཞུ།བླ་དབུ་ནས་གཟིགས་ཞིབ་གནང་སྟེ་དག་གསལ་འགྲིག་གསུམ་བྱུང་མཚམས་རྒྱུགས་བཞེས་གནང་།དེ་ཡང་དགེ་བསྐོས་ལགས་དང་བྱང་འདྲེན་ཆེན་མོ་གཉིས་ཁྲི་ལ་བཞུགས་མ་ཐག་སྒོ་ཕྱེ་བ་དང་མཉམ་དུ་དཔལ་གསང་བ་འདུས་པའི་རྩ་རྒྱུད་རྒྱ་གར་སྐད་དུ་ཞེས་པ་ནས་འདོན་བཞིན་ནང་དུ་འཛུལ་ཏེ་བླ་དབུའི་མདུན་དུ་བཞུགས་གདན་ལ་འཁོད་ནས་ཤིས་བརྗོད་བར་དག་གསལ་འགྲིག་གསུམ་གྱི་སྒོ་ནས་སྐྱོར།ཤིས་བརྗོད་ཚར་བ་དང་དགེ་བསྐོས་ཀྱིས་ཕྲེང་བ་བསྡུས་ནས་བླ་མ་ལ་འབུལ།བླ་དབུ་རིན་པོ་ཆེ་མཆོག་གིས་གསལ་ཞུགས་པ་རྣམས་ལ་བཀའ་སློབ་ཟབ་མོ་གནང་།བླ་མས་ཕྲེང་བ་འཐེན་རིམ་བཞིན་མཚན་ཐོ་འགོད་པ་དང་ཕྱག་དབང་ཞུ་བ།བཀའ་སྲུང་མགོན་པོ་ཕྱག་དྲུག་པ་ལ་མཇལ་ཁ་ཞུ་བ་སོགས་གནང་།དེ་ནས་བཟུང་རྒྱུད་སྟོད་གྲྭ་ཚང་གི་ནང་དུ་མཚན་ཐོ་དངོས་སུ་འཁོད་པར་ཞལ་བཞེས་གནང་སྲོལ་ཡོད་པ་བཞིན། གསར་ཞུགས་པ་རྣམས་ར་ཆེ་སྟོན་ཆོས་དང་པོ་འཇིགས་བྱེད་ཆོས་ཐོག་སྐབས་དང་བསྟུན་ནས་སྔར་སྲོལ་གྱི་ལམ་ལུགས་བཞིན་གསར་ཞུགས་གནང་བཞིན་པའི་བརྙན་པར་ཁག་ཅིག
    freshers entrance to Gyuto Tantric Monastery. Today, on the 20st day of the 9th month of the Tibetan calendar (November 21, 2024), the new entrants to Gyuto Tantric Monastery followed the tradition of their entrance qualification test, by prior requests made thrice for joining the monastery, and then reciting, over 15 days at the main temple's front yard, the texts memorised: upto the thirteen chapter's Link part, of Guyasamaja Root Tantra; Guhyasamaja Sadhanas (both the Front and Self-generation), the Auspicious Verses and Prayers; the first chapter of Chakrasamvara Root Tantra. Thereafter, paying a visit to the Six-handed Mahakala. Some photos from the event.
    21/11/2024/photo/Tenzin gyamtso/GyutoTantric Monastery/Sidhbari/Dharamshala.

Комментарии •