Episode 20 | གྲོས་ཚོགས་ནས་ཁྲིམས་ཞིབ་ཁང་འཕོ་འགྱུར་གནང་བར་། བཅའ་ཁྲིམས་གཞིར་བཞག་གིས་བསམ་ཚུལ་གླེང་བ།

Поделиться
HTML-код
  • Опубликовано: 10 окт 2024
  • ལེ་ཚན་གསུམ་པ། ཁྲིམས་ཀྱི་བྱ་རིམ་ནོར་བ།
    སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བཀོད་སྒྲིག་དང༌། ཐོ་གཞུང་བཟོ་འགོད། ཁྲིམས་ཀྱི་བྱ་རིམ། (due process)
    ཁྲིམས་སྒྲིག་ཁག་ནས་ལུང་འདྲེན། (སྤྱིར་ལེའུ་ ༢༢ དང་དོན་ཚན་ ༡༣༢)
    དོན་ཚན་བཅུ་གསུམ་པ། གཞུང་འབྲེལ་ལས་དོན།
    ༡ སྤྱི་འཐུས་ལྷན་ཚོགས་ནང་གཞུང་གི་ལས་དོན་སྐོར་དམིགས་བསལ་གལ་ཆེར་བརྩིས་ཏེ་གྲོས་བསྡུར་བྱ་རྒྱུའི་རིགས་ལ་ཚོགས་དྲུང་གིས་གྲོས་གཞི་གོ་རིམ་འཆར་སྒྲིག་དང༌། ཚོགས་གཙོས་གཏན་འབེབས་གནང་རྒྱུ།
    ༢ ཚོགས་གཙོས་དགོས་གལ་གཟིགས་ཚེ་རྒྱུ་མཚན་གསལ་བཤད་དང་འབྲེལ་གཏན་འབེབས་སྔོན་ཟིན་གྱི་ཉིན་དེའི་ལས་དོན་གྲོས་གཞིར་བསྒྱུར་བཅོས་གཏོང་ཆོག འོན་ཀྱང་གྲོས་བསྡུར་དབུ་འཛུགས་ཟིན་པའི་གྲོས་གཞི་ཞིག་ལ་ཧ་ཅང་གལ་ཆེན་པོ་བྱུང་ན་ལས་བསྒྱུར་བཅོས་མི་ཆོག
    ༤ ཁྲིམས་ཡིག་འཆར་ཟིན་དང༌།
    གྲོས་ཆོད་འཆར་ཟིན་གང་ཡང་རུང་བར་ལྷན་ཚོགས་སུ་གོ་བསྡུར་བྱེད་འོས་མིན་དགོས་གལ་བྱུང་ན་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་བྱ་རྒྱུར་གཏོང་འཐུས།
    དོན་ཚན་བཅོ་ལྔ་པ། ལས་རིམ་ཐོ་གཞུང་བཟོ་འགོད།
    ༡ ཚོགས་དྲུང་ལས་ཁུངས་ཀྱིས་བདུན་རེའི་ལས་རིམ་ཐོ་གཞུང་བཟོ་འགོད་ཀྱིས་བདུན་དང་པོའི་ལས་རིམ་ཚོགས་འདུ་དབུ་འཛུགས་ཀྱི་ཉུང་མཐའ་ཉིན་གཉིས་སྔོན་སྤྱི་འཐུས་རྣམ་
    པར་འགྲེམས་སྤེལ་ཞུ་རྒྱུ་དང༌། དེ་རྗེས་བདུན་རེ་བཞིན་ཚོགས་འདུའི་ལས་ཉིན་མཐའ་མ་དེར་བདུན་རྗེས་མའི་ལས་རིམ་འགྲེམས་སྤེལ་ཞུ་དགོས།
    ༢ ལས་རིམ་ཐོ་གཞུང་བཟོ་འགོད་སྐབས་སྒྲིག་གསལ་སྔོན་བརྡ་དགོས་རིགས་ཀྱི་གྲོས་འཆར་ཁག་སྔོན་བརྡ་དུས་ཐོག་མ་འབྱོར་བར་ཚོགས་གཙོའི་དམིགས་བསལ་བཀའ་འཁྲོལ་ཡོད་ན་ལས་ལས་རིམ་དུ་འགོད་མི་ཆོགདོན་ཚན་སོ་བདུན་པ། གྲོས་འཆར་གནད་དོན།
    མང་ཚོགས་ཀྱི་ཛ་དྲག་གལ་ཆེའི་ལས་དོན་ངེས་ཅན་ཞིག་གི་སྐོར་གྲོས་བསྡུར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མཚམས་འཇོག་གཤམ་གསལ་དོན་ཚན་ཁག་ལྟར་བྱེད་ཆོག་པ་ཡིན།
    ༣ གྲོས་འཆར་དེ་དག་ཉེ་དུས་བྱུང་བའི་ཛ་དྲག་གི་གནད་དོན་ངེས་ཅན་ཞིག་དང༌། བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁུར་དང་འབྲེལ་བ་ཡོད་པ་ཞིག་ཡིན་དགོས།
    ༨ བཅའ་ཁྲིམས་དང༌།སྒྲིག་གཞི་འདིའི་འགྲེལ་བརྗོད་དང་འབྲེལ་བའི་གནས་ཚུལ་གྱི་རིགས་ལ་སྔོན་ཚུད་ཚོགས་དྲུང་བརྒྱུད་སྙན་ཤོག་མ་བཏང་བར་གླེང་སློང་མི་ཆོག
    དོན་ཚན་སོ་བརྒྱད་པ། གྲོས་འཆར་བཀའ་འཁྲོལ་དང་བཀག་འགོག
    ༡ སྒྲིག་གཞི་དོན་ཚན་ ༣༥ ནང་གསལ་ལྟར་གྲོས་འཆར་གང་ཞིག་སྐོར་གྲོས་བསྡུར་བྱ་འོས་ཡིན་ཚེ་གྲོས་འཆར་འདོན་མཁན་མིང་འབོད་བྱས་མཚམས་རང་ས་ནས་ཡར་ལངས་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱིས་བྱེད་བཞིན་པའི་ལས་དོན་བར་མཚམས་འཇོག་རྒྱུའི་གྲོས་འཆར་འགོ་འཛུགས་དགོས་པ་ཡིན།
    ༢ གལ་ཏེ་གྲོས་འཆར་དེ་བཞིན་གྲོས་བསྡུར་བྱ་འོས་མ་གཟིགས་ཚེ་ཚོགས་གཙོས་གྲོས་འཆར་སྙན་ཐོ་ཚོགས་འདུར་གསལ་བསྒྲགས་དང་འབྲེལ་གྲོས་བསྡུར་བྱ་འོས་མེད་
    པའི་གནས་ལུགས་གསལ་བཤད་ཀྱིས་གྲོས་འཆར་བཀག་འགོག་བྱ་རྒྱུ།
    ༣ གྲོས་འཆར་བཀག་འགོག་བྱས་པ་དེར་སྐྱོན་བརྗོད་བྱེད་མཁན་བྱུང་ཚེ་ཚོགས་གཙོས་གྲོས་ཆར་དེར་རྒྱབ་སྐྱོར་བྱེད་མི་ཇི་ཡོད་གཟིགས་རྒྱུ་དང༌། སྤྱི་འཐུས་བཅུ་ལས་མི་ཉུང་བས་རྒྱབ་སྐྱོར་བྱུང་ཚེ་གྲོས་འཆར་ངོས་ལེན་གནང་རྒྱུ་དང༌། རྒྱབ་སྐྱོར་བྱེད་མཁན་བཅུ་ལས་ཉུང་བ་བྱུང་ཚེ་གྲོས་འཆར་བཀག་འགོག་བྱས་པ་དེ་ལ་གནས་རྒྱུ།
    ༤ ཚོགས་གཙོས་བཀའ་འཁྲོལ་བྱུང་ཡང་ལས་དོན་མཚམས་འཇོག་གྲོས་འཆར་བཀག་འགོག་གི་གྲོས་འཆར་སྤྱི་འཐུས་གཞན་ཞིག་གིས་བཏོན་ན་འདོན་མཁན་དེས་རྒྱུ་མཚན་གསལ་བཤད་མདོར་བསྡུས་ཤིག་ལས་བགྲོ་གླེང་མ་དགོས་པར་འཕྲལ་དུ་འོས་བསྡུ་བྱས་ཏེ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ།
    དོན་ཚན་ཞེ་དྲུག་པ། གྲོས་ཆོད་གྲོས་འཆར་འདོན་པའི་ཐོབ་ཐང༌།
    སྒྲིག་གཞི་འདིའི་ཆ་རྐྱེན་འོག་སྤྱི་འཐུས་སམ། སྲིད་སྐྱོང་། བཀའ་བློན་སུ་རུང་གིས་མང་ཚོགས་ཀྱི་དོན་གནད་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་འདོན་ཆོག་པ་ཡིན།
    དོན་ཚན་ཞེ་བརྒྱད་པ། གྲོས་ཆོད་གྲོས་འཆར་ལ་ཚོགས་གཙོས་ཐག་གཅོད། གྲོས་ཆོད་གྲོས་འཆར་གང་ཞིག་ཆ་ཚང་ངམ། དེའི་ཆ་ཤས་གང་རུང་འདོན་ཆོག་མིན་དང༌། སྒྲིག་གཞི་དང་མཐུན་མིན་ཚོགས་གཙོས་ཐག་གཅོད་བྱ་རྒྱུ།
    དོན་ཚན་ང་གཅིག་པ། གྲོས་ཆོད་གྲོས་འཆར་ལ་འོས་བསྡུ།
    ༡ བགྲོ་གླེང་ཟིན་འཕྲལ་ཚོགས་གཙོས་གྲོས་ཆོད་གྲོས་འཆར་དང༌། ནང་གསེས་དོན་ཚན་འགའ་ཤས་ཡོད་ཚེ་དོན་ཚན་རེ་རེ་བཞིན་འོས་བསྡུ་ཐག་གཅོད་བྱེད་དགོས།
    ༢ འོས་བསྡུ་གནང་སྐབས་གྲོས་ཆོད་གྲོས་འཆར་འགའ་ཤས་རིགས་ཚོགས་གཙོའི་གཟིགས་དཔྱད་ཀྱིས་གལ་ཆེའི་དོན་གནད་ཚོགས་དྲུང་ནས་མཚན་གཞུང་ལྗགས་ཀློག་གནང་སྟེ་འོས་བསྡུ་བྱ་རྒྱུ།
    དོན་ཚན་གྱ་བདུན་པ། ཚོགས་གཙོའི་སྟངས་འཛིན།
    བཅའ་ཁྲིམས་དང༌། སྒྲིག་གཞི་ཁག་གི་ནང་གསལ་ཁ་མེད་ཅིང༌། ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་སྒྲིག་གཞི་སྤྱིའི་ལྟ་གྲུབ་དང་མི་འགལ་བར་ཚོགས་གཙོས་དུས་ནས་དུས་སུ་སྟངས་འཛིན་ལམ་སྟོན་གནང་རྒྱུ།
    ལེ་ཚན་བཞི་པ། འཕྲོས་དོན་དུ་གླེང་བའི་དྲི་བ།
    ༡ ཆེས་མཐོའི་ཁྲིམས་དཔོན་དང་གཞན་གཉིས་ཀྱིས་ཉེས་འགལ་དང་ལས་དོན་མ་ཐེག་པ་རེད་དམ།
    ༢ བཅའ་ཁྲིམས་ལ་གསལ་ཁ་མེད་པ་རེད་དམ།
    ༣ དམ་འབུལ་དམ་བཅའ་དང་འགལ་ལམ།
    ༤ མང་གཙོའི་ཀ་བ་དང་པོ་མེད་པར་གྱུར་ཏམ།
    ༥ ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འཕོ་འགྱུར་རྗེས་བཅའ་ཁྲིམས་བསྐྱར་བཅོས་གནང་བ་དེ་འགྲིགས་སམ།
    ༥ ཚབ་གསར་འཕྲལ་དུ་མ་བསྐོ་བར་གྲོས་ཚོགས་འཕར་མ་འཚོགས་འཆར་དེ་གཏམ་བཟང་ཡིན་ནམ།
    ༦ ཁྲིམས་ཞིབ་པ་གསར་པ་ཕེབས་ཀྱང་དམ་འབུལ་སུ་ཡི་སར་ནས་བཞེས་དགོས་སམ།
    ༧ ཁྲིམས་གཏུག་གི་སྐབས་དང་བཅའ་ཁྲིམས་ལ་རྩོད་གཞི་བྱུང་སྐབས་བྱེ་བྲག་གམ་ལྷན་ཚོགས་ཀྱི་ཀུན་སློང་ལ་དོགས་གཞི་བླངས་ན་འགྲིགས་སམ།
    ༨ སྤྱི་འཐུས་ལྷན་ཚོགས་ནས་ཚོགས་གསེང་བཞག་ནས་གསང་བའི་ཚོགས་ཐེངས་མ་ཚོགས་པ་དེ་འགྲིགས་སམ།
    ཐབས་ལམ་གྱི་ལམ་ཁ།
    ༡ མང་ཚོགས་རང་བཞིན་གྱི་གྲོས་ཆོད་ཕྱིར་འཐེན་ (Reinstatement) གྱིས་གོ་གནས་བསྐྱར་གསོའི་ལས་འགུལ་སྤེལ་ནས་དབང་ཆ་བསྐྱར་གསོ་གནང་གལ།
    ༢ ༧སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་དབུ་འཁྲིད་པའི་བཅའ་ཁྲིམས་ཀྱི་ཚིག་འགྲེལ་ཚོགས་ཆུང་འཕྲལ་དུ་འཛུགས་དགོས།
    ༣ ༧གོང་ས་སྐྱབས་མགོན་མཆོག་ལ་བཅའ་ཁྲིམས་ལེའུ་དང་པོའི་སྐུ་དབང་བཞིན་སྙན་སེང་ལམ་སྟོན་ཞུ་རྒྱུ།
    For detailed info regarding the Tibetan Justice commission impeachment, below is the link to the google doc.
    docs.google.co...
    Video edited and captured by: Shakgang Tenzin Tselha

Комментарии • 31

  • @sonamtsering9006
    @sonamtsering9006 3 года назад

    ཁྱོ༌ཡང༌ཧ༌ཅང༌མི༌ཡག༌དོ༌ཕྱོག༌ལྷོང༌བ༌རེད༌པ༌

  • @Lhasa67
    @Lhasa67 Год назад

    འགོ་གཉིས་མའི་སྐད་ཆ་དེས་སྤྱི་ཚོགས་དཀྲུག་ཡ་མ་གཏོགས་གསལ་བཤད་གང་ཡང་བྱས་མི་འདུག

  • @savetibetgod5868
    @savetibetgod5868 3 года назад +2

    Genlak tashi delek m from ex tcv ladakh

  • @lobsangdhondup5015
    @lobsangdhondup5015 3 года назад

    ཅ་པ་ཟོ

  • @lobsangjamyang7668
    @lobsangjamyang7668 3 года назад

    ཁྱེད་རང་གི་འཚོར་གནང་དང་ཁྲིམས་མཉམ་སྲེས་

  • @Superwoman_1959
    @Superwoman_1959 3 года назад +1

    🙏🏼🙏🏼🙏🏼🙏🏼🙏🏼

  • @Hupplang77777
    @Hupplang77777 3 года назад

    Our chat trim is = white blank paper
    Kangra district IPS COVID 19 order is final.
    Not Tibetan Administer Timpon Dakpo and his two others.

  • @tara0735
    @tara0735 3 года назад

    Thank you sir, for making it clear and discribing.I hope in the future what results is coming it should be on welfare of Tibet not on person.

    • @sonamtsering9006
      @sonamtsering9006 3 года назад

      དིག༌ནག༌རེད༌འདུག

    • @sonamtsering9006
      @sonamtsering9006 3 года назад

      དིག༌ནག༌རེད༌འདུག༌

  • @yeshidorji647
    @yeshidorji647 3 года назад +1

    ལགས་སོ།། རྒན་ལགས། བཀའ་དྲིན་ཆེ།

  • @Hupplang77777
    @Hupplang77777 3 года назад +1

    If you have brain look at this video

  • @ngawangpalten7303
    @ngawangpalten7303 3 года назад

    Teacher stop talk about it .

  • @jigmeking1160
    @jigmeking1160 3 года назад

    ཁ་བཙུམ་བསྡད་ན་ཡག་ས་རེད་་་་