ཐ་སྙད་ཚད་གྲུབ་སྐོར། དགེ་བཤེས་ངག་གི་དབང་ཕྱུག །སྐར་མ་ཉི་ཤུའི་བགྲོ་གླེང་།

Поделиться
HTML-код
  • Опубликовано: 10 фев 2025

Комментарии • 62

  • @jamyangdhondup9763
    @jamyangdhondup9763 2 месяца назад +1

    🎉🙏🏻🙏🏻🙏🏻🌻🌸🍀

  • @བློཤེས
    @བློཤེས 3 месяца назад +2

    དགེ་བཤེས་ངག་གི་དབང་ཕྱུག་ལ་དམིགས་བསལ་གོ་སྐབས་ཤིག་སྤྲོད་ནས་གཞི་གང་མང་ལ་བགྲོ་གླེང་སྣ་ཚོགས་ཞིག་མཛད་རོགས་ གཙོ་སྐྱོང་བ་ཐུགས་རྗེ་ཆེ།🙏🙏🙏🙏🌻🌻🌻🌻

  • @tsechoeden4190
    @tsechoeden4190 3 месяца назад +1

    དགེ་བཤེས་ངག་གི་དབང་ཕྱུག་མཆོག་ལ་བཀའ་དྲིན་ཆེ།

  • @LobsumDhundup
    @LobsumDhundup 3 месяца назад +6

    ༄༅།།སྐད་ཆ་བརྒྱ་བཤད་སྟོང་བཤད་ཀྱང་དེང་སང་གི་དུས་སུ་དགེ་བཤེས་ངག་གི་དབང་ཕྱུག་ཁོང་ནང་བཞིན། ས་དགེ་བཀའ་རྙིང་བོན་ཇོ་གང་དུ་རིས་མེད་ལ་མཐོང་རྒྱ་ཆེན་པོ་མེད་པར་བཤད་ཆོག་པར་ཡིན་ལ།
    ཆོས་འབྱུང་ལོ་རྒྱུས་བརྒྱབ་ལྗོངས་བཅས་ཁོང་ནང་བཞིན་དགེ་བཤེས་གཞན་དག་ལ་ཡང་ཁག་པོ་ཡིན། ད་དུང་ཡང་ཚུལ་ཁྲིམས་གཙང་མ་དང་ནང་བསྟན་ལ་ཡང་ཧ་ཅང་དུང་ཞེན་ཅན་ཞིག་ཡིན་འདུག།
    གོང་དུ་བཤད་པར་བཞིན་ཁོང་ལས་ལྷག་པར་ཡོད་ན་ཐོན་པའི་དུས་སུ་བབས་སོ། དེར་མིན་ལྐོག་ལབ་ཅན་གྱི་དགའ་མི་དགའ་ཕྲག་དོགས་དྲ་འབུ་ལ་སྙིང་པོ་མེད།
    བོད་པ་ལས་ངན་ཚོར་ནང་ཁུལ་ཕྲག་དོགས་མ་གཏོགས་མེད་ལ་རང་ཡང་ཤེས་བྱ་འཇོན་ཐང་བསྟེན་རྒྱུ་མེད་གཞན་གྱི་ཤེས་བྱ་ཡོན་ཏན་རྣམས་བློ་ལ་ཤོང་ཚད་མེད།
    (སྔོན་ཆད་འབག་སར་ཆོས་སྒར་རུ། ༡རྒན་བློ་བཟང་དབང་ཕྱུག་དང་། ༢རྒན་པདྨ་རྒྱལ་མཚན་དང་། ༣རྒན་ཉི་མ་རྒྱལ་མཚན་རྣམ་པ་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་མཁས་པ་གྲགས་ཆེ་ཤོས་ཡིན། (༡དེའི་རྗེས་སུ་གནས་ལྔ་རིག་པའི་དབང་ཕྱུག་སྦས་པའི་བརྟུལ་ཞུགས་འཛིན་པའི་རྣལ་འབྱོར་པ་ཆོས་ལྡན་རིན་པོ་ཆེ་དང་། (༢གཞུང་ལུགས་རབ་འབྱམས་སྨྲ་བ་རིགས་པའི་དབང་ཕྱུག་མཁན་ཟུར་རིན་པོ་ཆེ་བློ་བཟང་ཚེ་རིང་སོགས་གྲགས་ཆེ་ཤོས་སུ་ཡིན།
    ང་རང་གིས་མཁས་བཙུན་བཟང་གསུམ་འཛོམས་པའི་རིས་མེད་ཀྱི་དགེ་བའི་བཤེས་ཐམས་ཅད་ལ་དག་སྣང་སྦྱོངས་ནས་རྗེས་སུ་ཡི་རང་ཡོད། གང་ལྟར་གང་ཟག་ལ་དག་སྣང་དང་ཆོས་ལ་ཞིབ་འཇུག་བྱེད་དོ།
    ཡོད་མེད་བློ་ཡིས་བཞགས་པའི་ཤེས་བྱ་དང་།
    བདེན་རྫུན་ཡུལ་ལ་འབྱེད་པའི་ཚད་མ་གཉིས།
    གཅིག་གི་བདེན་དཔང་གཅིག་གིས་བྱེད་གྱུར་ན།
    ཐ་སྙད་ཚད་གྲུབ་འཇོག་པར་ཞེ་བློ་བདེ།🌹❤️🙏❤️🌹

  • @jampathinley9023
    @jampathinley9023 3 месяца назад +1

    དགེ་བཤེས་ལགས་ཀྱིས་ སྡོམ་ཡག་པོ་རྒྱབ་སོང🙏🙏🙏

  • @tashinaka5201
    @tashinaka5201 3 месяца назад +1

    ཐུགས་རྗེ་ཆེ།❤❤❤❤

  • @tenzinsangpo6161
    @tenzinsangpo6161 3 месяца назад +3

    ལས་འབྲས་ཀྱི་མཚམས་འཇོག་ཚུལ་ལེགས་པར་མ་ཤེས་ན། ལས་གསར་དུ་གསོག་པའི་གོ་སྐབས་མེད་པ་དང་། ལས་འབྲས་ཀྱི་རྣམ་གཞག་རང་ཉིད་ཀྱང་འཇིག་རྟེན་བཀོད་པ་པོ་དང་མཚུངས་པར་འགྱུར་བས། ལས་འབྲས་ཀྱི་མཚམས་ཇི་ལྟར་འཇོག་པའི་སྐོར་གསུང་རོགས་གནང་། ཐུགས་རྗེ་ཆེ།

  • @tseringsamdup322
    @tseringsamdup322 3 месяца назад +2

    ཐ་སྙད་ཚད་གྲུབ་རྗེ་ཙོང་ཁ་པའི་ཡར་སྔོན་ལ་བཤད་མཁན་མེད་ཀྱང་། རྨ་བྱ་ལ་ཐུག་ཟེར་བ་གད་མོ་ཤོར་དགོས་པའི་གནས་ཚུལ་རེད།

  • @GonpoGonpo-hq9iy
    @GonpoGonpo-hq9iy 3 месяца назад +1

    དགེ་བཤེས་ངག་གི་དབང་ཕྱུག་ནི་ངེས་པར་དོན་གྱི་མཁས་པའི་དབང་པོ་རེད། སྐུ་ཚེ་བརྟན་པར་སྨོན།།

  • @Snow_yak
    @Snow_yak 2 месяца назад

    ངག་གི་དབང་ཕྱུག་ཕྱི་ཕྱིར་་གདན་འདྲེན་ཡང་ཡང་ཞུ་རོགས། བྲོ་བ་ཞེ་དྲག་འདུག

  • @janabhadra7397
    @janabhadra7397 3 месяца назад

    ཏུན་ཧོང་ཡིག་རྙིང་ལས། ༼ལྔ་ཕུང་དེ་དག་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ།༽ བྲིས་འདུག

  • @tibetansnow
    @tibetansnow 3 месяца назад +1

    མཁས་དབང་དངོས་གནས་རེད། གདན་ས་གྲྭ་ཚང་ཁག་གིས་མཁས་དབང་འདི་དག་ལས་རིན་པོ་ཆེ་ལེན་ཤེས་པ་གལ་ཆེ་རེད།

  • @Wanglha4
    @Wanglha4 3 месяца назад +1

    གོངགི་་འགག་ལན་སོགས་ཀྱི་གཞུང་དེ་དག་གི་མཚན་གང་དང་གང་ཡིན་ནམ་་་་གསུང་ཐུབ་ན་ཡག་པོ་འདུག།

  • @tinzendakpa4300
    @tinzendakpa4300 3 месяца назад

    དགེ་བཤེས་འདིས་མི་གཤིས་ཡག་པོ་ཡོད་བ་མ་རེད། གཞན་པ་འོ་ཙི་རེད།

  • @bhutiajamyangtempa5515
    @bhutiajamyangtempa5515 3 месяца назад

    ངག་གི་དབང་ཕྱུག་གིས་ནམ་ཡིན་ཡང་ས་སྐྱ་པའི་གཞུང་ལ་ཟུར་ཟ་རྐྱང་རྐྱང་རེད།

  • @pemadorjee9238
    @pemadorjee9238 3 месяца назад

    ཤེས་རབ་ལ་སྒྲོ་མ་བཏགས། ཐབས་ལ་སྐུར་བ་མ་བཏབ་ཞེས་པའི་དོན་དེ་འདི་ཚོས་མི་ཤེས་ཐག་ཆོད་རེད།

  • @Dundrub
    @Dundrub 3 месяца назад

    རང་བཞིན་གྲུབ་པ་དང་། ཡོད་པ་གཉིས་རྙིང་མ་པ་ལ་ཡང་ཁྱད་པར་ཡོད་རེད། ཐ་སྙད་ཀྱི་ཆོས་རྣམས་ཐ་སྙད་ལ་ཡོད་པ་ཁས་ལེན་ཡང་། རང་བཞིན་གྲུབ་པ་ཁས་མི་ལེན་ནོ།

  • @sonamnorbu7369
    @sonamnorbu7369 3 месяца назад

    ཐ་སྙད་ཚད་གྲུབ་༽ ཀྱི་ཐ་སྙད་འདི་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ནང་ལ་ཡོད་རེད། ཁ་གསལ་པོ་ཡོད་རེད།

  • @janabhadra7397
    @janabhadra7397 3 месяца назад

    མྱ་ངན་ལས་འདས་པའི་ཆོས་གཅིག་ཡོད་ན་དེ་ཡང་སྒྱུ་མ་དང་རྨི་ལམ་ལྟབུ་བལྟ་བར་བྱའོ། གསུངས་པ་དེ་དྲན་པར་གྱིས་ཤིག

  • @pemathinley6206
    @pemathinley6206 3 месяца назад

    ཐ་སྙད་ཚིག་གི་རྗེས་འབྲང་ནས། གྲུབ་མཐའ་ངན་པའི་བསླུས་པ་ལ། ཡུམ་ཡང་དག་གིས་ལྷ་མོས་བསྐྱབས་ཏུ་གསོལ། ཞེས་འབྲི་གུང་སྐྱོབ་པས་གསུངས། ཐ་སྙད་ཚིག་སྐམས་ཀྱིས་རྟེན་ཅིང་འབྲེལ་འབྱུང་གི་གནས་ལུགས་རྟོགས་པས་དུས་ནམ་ཡང་མེད་པ་བསྟོན་པ་ཡིན་ནོ། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པ། ཆོས་འགའ་ཡོད་པ་མ་ཡིན་ནོ། དེ་ཕྱིར་སྟོང་ཉིད་མ་གཏོགས་པ། ཆོས་འགའ་ཡོད་པ་མ་ཡིན་ནོ། ད་ལྟའི་སྣང་བའི་ཆོས་ཐམས་ཅད་ཀུན་རྫོབས་རག་པའི་དབང་གི་གངསྣང་བ་ཐམས་ཅད་དེ་བཞིན་ཁས་ལེན་དགོས་ལ་དོན་དམ་བདེན་པའི་ངོས་ལ་ངོ་བོ་རང་བཞིན་མ་གྲུབ་པ་སྣང་སྟོང་ཟུང་འཇུག་ཡང་ཟེར་ལ། དེ་ཡང་རྒྱལ་ཡུམ་ཤེར་སྙིང་ལས། ཆོས་ཐམས་ཅད་སྟོང་པ་ཉིད་དོ། སྟོང་པ་ཉིད་ལས་གཟུགས་སོ། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། ཞེས་གསལ་བ་གསུངས་སོ། དེ་ཡང་སྟོང་ཉིད་གནས་ལུགས་རྟོགས་པའི་ཕྱིར་བསོད་ནམས་ཀྱི་ཚོགས་བསགས་ནས་བླ་མ་ལ་མོས་གུས་དད་པའི་ཤུགས་ཀྱིས་དེ་ཡིས་ཐུགས་རྗེས་བྱིན་བརླབས་ཀྱི་རང་གིས་སྒྲིབ་གཉིས་བག་ཆགས་ཐམས་ཅད་དག་ནས་སྟོང་ཉིད་གནས་ལུགས་སམ་ཕྱག་རྒྱ་ཆེན་པོས་དོན་རྟོགས་པར་གསུངས་པས་སོ། ཤེས་རབ་ཇི་ལྟར་ཆེ་ཡང་གནས་ལུགས་རྟོགས་པས་དུས་མེད་ལ། དཔེར་པཎ་ཆེན་ནྭ་རོ་པས་ཏེ་ལོ་པ་བརྟེན་པ་བཞིན་དང་། དེ་ཡང་འབྲི་གུང་སྐྱོབ་པས། རྟོགས་པ་སྐྱེས་ཐབས་མོས་གུས་ཁོ་ན་ཡིན། ཞེས་སོ།

  • @jigme378
    @jigme378 3 месяца назад

    ཁོས་བཤད་སྟངས་ལ་བལྟས་ན་དགེ་ལུགས་པ་གཞུང་གི་ཡིག་ཆ་ལ་སློབ་སྦྱོང་བྱེད་ན་བདེན་འཛིན་གཉེན་པོ་འགྲོ་མི་ཐུབ་སྟེ་བསྡུས་གྲྭ་རིགས་ལམ་ཙམ་ཡིན་པའི་ཕྱིར། བསྡུས་རིགས་ནི་སྒྲོ་སྐུར་རེད།

  • @tashitobgyal-cp5cc
    @tashitobgyal-cp5cc 3 месяца назад

    ཤིན་ཏུ་ལེགས

  • @pemadorjee9238
    @pemadorjee9238 3 месяца назад +2

    བདེན་སྟོང་ཆད་ལྟ་ལ་ལྷུང་བས་སྙིང་རེ་རྗེ།།ཚད་གྲུབ་རྟག་ལྟ་ལ་ལྷུང་བས་ཤ་རེ་ཚ།།

  • @sonamtashi1974
    @sonamtashi1974 3 месяца назад

    ༄། ཐ་སྙད་ཚད་མ་དང་བསྒྲིགས་ལམ་ཀུན་སྤྱོད་གཉིས་གལ་རེད་ཆེ་བ་ཡོད་རེད། དགེ་བཤེས་ལགས།

  • @kalsangtsultrim
    @kalsangtsultrim 3 месяца назад +1

    ཐ་སྙད་ཚད་གྲུབ་ཀྱི་བགྲོ་གླེང་དེ་འདྲ་ཡག་པོ་ཞིག་ཡོང་མི་འདུག རྗེ་རིན་པོ་ཆེས་ཐ་སྙད་ཚད་གྲུབ་ཁྱད་པར་གསུམ་ལྡན་གྱི་སྒོ་ནས་བཞག་པས་ཁྱད་པར་རེ་རེ་སྒོ་ནས་སྔ་རབས་པ་དང་ཐུན་མོང་མ་ཡིན་པའི་ཁྱད་པར་གང་ཡིན་སོགས་ལ་བགྲོ་གླེང་བྱེད་རོགས། སྔ་རབས་པ་དང་དགེ་ལུགས་པའི་ལྟ་བའི་གནད་ཡང་འདི་ལ་ཐུག་ཡོད།

    • @tseringsamdup322
      @tseringsamdup322 3 месяца назад

      @@kalsangtsultrim དངོས་གནས་བྱས་ན་འདི་རང་རེད། ཡིན་ནའང་ཐ་སྙད་ཚད་གྲུབ་སྒང་ལ་དོན་ངོ་མར་ལག་པའང་འཆང་མ་སོང་། ཁྱད་མཚར་ལ།

  • @tashidawa8581
    @tashidawa8581 3 месяца назад

    ཀ་གྲགས་ཁྱེད་གཉིས་ཀྱིས་དགག་ལེན་མེད་ས་ག་བ་ཡོད།

  • @karmarabten1149
    @karmarabten1149 3 месяца назад

    ཆོས་འཇིག་རྟེན་གང་ལའང་མི་ཕན་པའི་དཔྱད་པ་ཐ་སྙན་ཚད་གྲུབ་ཟེར་བ་དེ་ཚོ་རེད། བོད་ཡོངས་སུ་ཕོང་བཅུག་མཁན་དེ་ལས་ཡོད་པ་ཐོག་ལ་གཙོ་འདོན་བྱོས། ཚན་རྩལ་རིག་པ་ལ་སློབས། ཡོད་པ་ལ་རྩོད། མེད་པ་ལ་དོན་མེད་ནུས་པ་དང་དུས་ཚོད་མ་གཏོང་བོད་གངས་ཅན་པ་ཚོ།

  • @lobsangrinchen-x7y
    @lobsangrinchen-x7y 3 месяца назад

    ཐ་སྙད་ཚད་གྲུབ་ལོ་རྒྱུས་ཀྱིས་བསྒྲུབ་སོང་། ལུང་དང་རིགས་པས་ག་དུས་བསྒྲུབ་མིན་ཆ་མ་འཚལ།

  • @kelsanglama4890
    @kelsanglama4890 3 месяца назад

    དེང་གི་དུས་སུ་མཁས་པ་དངོས་གནས་རེད། རང་ཉིད་གང་ཤེས་པ་དེ་དེབ་བཟོ་ཐུབ་ན་ཡག་པོ་ག་ཚོད་ཡོད། ཁོང་ནང་བཞིན་ཤེས་རྒྱ་ཆེན་པོ་དཀོན་པོ་རེད།

  • @karmarabten1149
    @karmarabten1149 3 месяца назад

    ཁྱེད་ཚོ་ལ་འཇོན་པོ་ཡོད་ན་ངས་ཆོས་ཕྱོགས་ཀྱི་དྲི་བ་ཕུལ་ཆོག འོན་ཀྱང་ཁྱེད་ཚོ་ལ་ལན་ཡོད་རེད་དྲན་གྱི་མི་འདུག

  • @janabhadra7397
    @janabhadra7397 3 месяца назад

    དགེ་ལྡན་པ་འདི་ཚོ། རི་བོང་རི་བོང་གི་མི་སྟོང་། རི་བོང་རྭས་སྟོང་། ཟེར་བ་འདྲ་པོ་རེད།

  • @khenpopalden2309
    @khenpopalden2309 3 месяца назад

    ངོ་མ་རྫུན་གྱི་འཁོར་ལོ་བསྐོར་སོང་། དོན་དམ་དུ་མེད་ན་མེད་གོ་ཆོད་སུས་བཤད་སོང་། སྣང་བའི་ཆོས་ཐམས་ཅད་མེད་སུས་བཤད་སོང་། སྔ་རབས་པས་ཆོས་ཐམས་ཅད་མེད་སུ་གཅིག་གིས་ཟེར་མི་སྲིད་དོ། འདི་དག་བྱིས་པ་དགའ་བའི་གཏམ་ཙམ་རེད།

  • @gyaltsenloda9682
    @gyaltsenloda9682 3 месяца назад

    ཧ་ལས་པ་རེད་འདུག་ལོ་རྒྱུས་འབྱུང་ཁོངས་དང་བཅས་པ་

  • @norbutserink3963
    @norbutserink3963 3 месяца назад

    ཨ་ཁ་ཁ་་་ངག་གི་དབང་ཕྱུག་ལ་ཆོས་རྒྱུད་རིག་མེད་ལ་རྒྱུད་མངའ་རྩ་བ་ནས་མི་འདུག་ཡང་ན་་རྫུན་བཤད་འདུག་་་་

  • @sonamwangdak7756
    @sonamwangdak7756 3 месяца назад

    མངོན་པ་བསྟོད་དོ་ ཧ་རྣམ་དཔྱད་ཆེན་པོ་

  • @choewanglama6063
    @choewanglama6063 3 месяца назад

    ཐ་སྙད་དུ་ཡོད་ན་ཡོད་ན་གོ་མཆོད་ན་ཐ་སྙད་དུ་ཡོད་ཟེར་བའི་ཐ་སྙད་པའི་ཚད་མ་དེ་གང་འདྲ་ཞིག་ལ་ངོས་འཛིན་དང་ཐ་སྙད་པའི་ཚད་མ་ཁོ་རང་ཡོད་པ་འཕགས་པའི་མཉམ་ཞག་གི་ངོར་མེད་པའི་ཐ་སྙད་པའི་བློ་ཁོ་རང་ཡོད་པ་བློ་གང་ལ་འཇོག་གི་ཡོད་དམ།
    མ་ཟད་ཚད་མ་ཐུག་མེད་དུ་ཐལ་བའི་སྐྱོན་མི་འཇུག་པའི་ཚུལ་གསལ་པོ་ཞིག་གསུང་རོག་བཞུ།

  • @kalsangmonlam-zj5pp
    @kalsangmonlam-zj5pp 3 месяца назад

    ཐ་སྙད་ཚད་མས་གྲུབ་ཞེས་པའི་དོན་ནི་ཐ་སྙད་ཡང་དག་ཏུ་ཚད་མས་མ་གྲུབ་ཀྱང་ཐ་སྙད་རྫུན་སྣང་སྒྱུ་མ་ཙམ་དུ་ཚད་མས་གྲུབ་པ་ཁས་ལེན་བཞིན་ཡོད་རེད་མ་གཏོགས་ཐ་སྙན་གཞི་མ་གྲུབ་མེད་པ་ཡིན་ཟེར་ཡོད་མ་རེད།

  • @Dundrub
    @Dundrub 3 месяца назад

    ཐ་སྙད་དུ་ཡོད་ན་ཡོ་གོ་མི་ཆོད་རྙིང་མ་པར་ཟེར་ཡོད་མ་རེད་དོ། ཐ་སྙད་དུ་ཡོད་ན་ཐ་སྙད་དུ་ཡོ་གོ་ཆོད་ཀྱང་། དོན་པ་ཡོད་གོ་མི་ཆོད། དོན་པ་མེད་ན་དོན་དམ་པ་ལ་མེ་གོ་ཆོད་ཀྱང་ཐ་སྙད་ལ་མེད་གོ་མི་ཆོད་ཞེས་ཟེར། གསར་མ་པས་་་ཐ་སྙད་ལ་ཡོད་ན་ཡོད་གོ་ཆོད་ཀྱང་། དོན་དམ་པ་ལ་མེད་ན་མེད་གོ་མི་ཆོད་ཞེས་ཟེར། རྒྱུ་མཚན་དེ་བས་ན་་་ཐ་སྙད་ཚད་མ་དེ་ཡོང་དག་ཡིན་པ་དང་། དོན་དཔྱོད་ཚད་མ་རྫུན་མ་གྱུར་པས་ན། ཐ་སྙད་ཚད་གྲུབ་ཞེས་པའི་མིང་འདི་བྱུང་ངོ་།

  • @norbutsering3295
    @norbutsering3295 3 месяца назад

    ཕྱོགས་རིས་ཀྱི་མེ་འབར་པའི་བླ་རྒན་ཁྱོད་ནི་དམ་ཉམས་ཨ་དཀྲུགས་དང་འགོངས་ཕན་སོགས་ཀྱི་རྒྱབ་ལངས་ཡིན་པ་དང་། ཨ་དཀྲུགས་སོགས་ཨོ་རྒྱན་སྟོབས་རྒྱལ་ཨབ་ཕྲུག་ངོ་མ་ཆགས་ཡོད་པ་མ་ཟད། དེའི་ལོག་ལམ་ལ་ཤར་སྐྱོད་བྱེད་ཀྱི་ཡོད་པ་རེད།
    ལྡི་ལི་ཆུ་སྒང་གི་རྫུན་དམར་པོ་དང་ཨོ་རྒྱན་སྟོབས་ཀྱི་ཆོལ་ཁའི་དམག་འཐབ་སྲིད་ཇུས་སོགས་བླ་རྒན་ཁྱོད་ཀྱིས་མཐོང་ཡོད་ཤག་རེད།
    དེ་བས་ན་བླ་རྒན་ཁྱོད་ཀྱིས་ཚད་མ་ཅི་ཡང་ལབ་དགོས་པ་མ་རེད། བླ་རྒན་ཁྱོད་ལ་གདོང་པགས་མཐུག་པོ་ཡོད་པའི་རྐྱེན་གྱིས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བསྐུར་འདེབས་ཆེན་པོ་བྱས་པ་རེད། སློབ་བཟང་སངས་རྒྱས་ལྟ་བུ་མི་ངན་ཞིག་ལ་ཕྱོགས་རིས་ཆགས་སྡང་གི་ལས་ངན་བསགས་པ་ནི། མི་ལུས་རིན་ཆེན་འཕྲོ་རླག་ཏུ་བཏང་བ་མ་རེད་དམ།
    མཁས་དབང་ཟམ་གདོང་རིན་པོ་ཆེ་ལྟ་བུ་དགེ་སློང་དྲི་མ་མེད་པ་ཞིག་ལ་སྡོམ་པ་ཡོད་མེད་ཀྱིས་བསྐུར་འདེབས་བྱས་པ་སྡིག་པ་ཚབ་ཆེན་པོ་ཡིན་པ་ངོས་འཛིན་ཡག་པོ་བྱེད་རོགས།
    ཐ་སྙད་ཚད་གྲུབ་གསུང་མཁན་ནི་གདན་ལ་ལག་མ་ཐོགས་པར་ཡོད་པ་རེད།

    • @kelsanglama4890
      @kelsanglama4890 3 месяца назад

      རྒན་ཁྱེད་དགག་པ་དེ་ག་བ་ན་ཞིག་རྒྱག་ཡིན། བུ་ཡིན་ན་དྲ་ཐོག་གདོང་པ་སྟོན་ནས་འབྲེལ་བ་ཡོད་ས་ཞིག་ལ་དགག་པ་བྱེད་དང་། དེ་མིན་ཧཧཧཧ་སྙིང་རྗེ་

  • @Tashidelek-ey2kl
    @Tashidelek-ey2kl 3 месяца назад

    ཧ་ཧ་་་་་ཁྱེད་ད་དུང་ཐ་སྙད་ཚད་གྲུབ་འདོད་པས་སྣང་བ་ལིང་ལིང་དེ་རང་སར་བཞག་སྟེ་དོན་དམ་པ་རྟོགས་རྒྱུ་རི་བོང་རྭ་རེད་འདུག་གོ་་་་ཨ་ཁ་ཁ་་་་་་་

  • @Karrmaa2
    @Karrmaa2 3 месяца назад

    ❤❤❤

  • @karmarabten1149
    @karmarabten1149 3 месяца назад

    ཐ་སྙད་ཚད་མ་ཀུན་རྫོབ་དང་དོན་དོན་གང་ལ་ཡོད་པ་ད་ལྟ་བར་རྩོད་པ་མ་རེད་པས། ད་ཅི་ཕན་སོང་། གང་རག་སོང་བས། སེམས་ལ་ངེས་ཤེས་མི་འདྲ་བ་བྱུང་སོང་བས། འཁྲུལ་སྣང་སེལ་སོང་བས། རྒྱལ་ཁབ་མེད་པ་བཟོ་མཁན་གྱི་སློབ་སྦྱོང་དེ་ཚོ་རེད།

    • @yeshidhondup7509
      @yeshidhondup7509 3 месяца назад

      ཁྱོད་རང་གི་ཕན་པའི་ལས་གང་བྱས་ཡོད་དམ་་

    • @karmarabten1149
      @karmarabten1149 3 месяца назад

      @ ངས་རང་གི་རྒྱལ་ཁབ་ལ་ཕན་གནོད་ལ་བསམ་ནས་ད་ནས་དགོས་མེད་ལ་མ་སློབས་ལབ་ནས་སློབ་གསོ་ལམ་སྟོན་བྱེད་བཞིན་ཡོད།

    • @karmarabten1149
      @karmarabten1149 3 месяца назад

      @ ཆབ་དཔལ་རིག་གསུམ་འཛམ་གླིང་དར་རྒོད་དང་བསྟུན་སྦྱོང་དགོས་པ་ལས་མེད་པ་ལ་མ་རྩོད་ལབ་བཞིན་ཡོད།

    • @karmarabten1149
      @karmarabten1149 3 месяца назад

      @@yeshidhondup7509 The influence of Buddhism played a significant role in Tibet’s loss of independence, impacting its political resilience and strategic choices. Here are a few reasons:
      1. Nonviolent Philosophy: Tibetan Buddhism’s emphasis on compassion and nonviolence shaped Tibetan society and politics. This mindset led Tibet to avoid militarization and prevented the development of a strong army, leaving it vulnerable to external threats.
      2. Political Authority of Religious Leaders: In Tibet, the Dalai Lama and other religious figures held both spiritual and political authority, often prioritizing spiritual over military concerns. This lack of political pragmatism limited Tibet’s preparedness for conflicts, such as the Chinese invasion in 1950.
      3. Isolationism: Tibetan Buddhism encouraged a degree of isolation from the outside world, as the culture focused on spiritual pursuits rather than diplomacy or alliances. This lack of external support made it difficult for Tibet to secure allies against foreign influence.
      4. Focus on Spiritual, Not Material Power: Tibetan culture valued spiritual achievements over material wealth or military power. This focus on spiritual priorities left Tibet with fewer resources and less infrastructure for defense when faced with Chinese aggression.
      5. Internal Divisions: The religious hierarchy within Tibetan Buddhism also led to factionalism and internal divisions, weakening the central authority and creating vulnerability to outside intervention.
      The combination of these factors contributed to Tibet’s inability to resist the Chinese occupation and maintain its independence.

    • @karmarabten1149
      @karmarabten1149 3 месяца назад

      @@yeshidhondup7509ཁྱེད་ལ་ངས་མཚན་ཉིད་དང་ནང་ཆོས་སྐོར་དྲི་བ་ཞིག་ཕུལ་ན་ལན་རྒྱབ་ཨི་ཐུབ། ཡོད་ན་ངས་གཏོང་ཆོག་མེད་ན་ཁ་བཙུན་ནས་བསྡད།

  • @geleknamgyal4201
    @geleknamgyal4201 3 месяца назад

  • @རྒྱངའཕེནཔ
    @རྒྱངའཕེནཔ 3 месяца назад +1

    ལོག་སྨྲ་གདན་འདྲེན་ཞུ་བའི་བློ་ཁོག་ཡོད་དམ།
    ཧཧཧ

    • @lobtashi4715
      @lobtashi4715 3 месяца назад

      ལོག་སྨྲས་ཐ་སྙད་ཚད་གྲུབ་ཤེས་ལེ་མ་རེད།

    • @རྒྱངའཕེནཔ
      @རྒྱངའཕེནཔ 3 месяца назад

      @lobtashi4715
      ཤེས་ན་ཚད་གྲུབ་ཤེས་དགོས་པའི་ངེས་པ་མེད་བ།

    • @རྒྱངའཕེནཔ
      @རྒྱངའཕེནཔ 3 месяца назад

      @NaagpalNaagtmg
      རེད་རེད་ཁྱེད་ཚོ་གང་མི་འཇོན་པའི་ཐམས་ཅད་མཁྱེན་པ་རེད་བ།

  • @kungchyapzangpo1487
    @kungchyapzangpo1487 3 месяца назад

    ཧཧཧ། སངས་རྒྱས་གཉིས་པ་རྗེ་བརྒྱད་པ་མི་བསྐྱེད་རྡོ་རྗེས་མཛད་པའི་དྭགས་ཤིང་ནང་དུ། ཐ་སྙད་དུ་ཡོད་ན་ཡོད་གོ་མི་ཆོད་ཞེས་གསུང་ཡོད་མ་རེད་དོ། །ཀུན་མཁྱེན་གྱི་དྭགས་ཤིང་ནང་དུ། ཐ་སྙད་དུ་ཡོད་ན་དོན་དམ་དུ་ཡོད་པའི་ཁྱབ་པ་དང་། དོན་དམ་དུ་མེད་ན་ཐ་སྙད་དུ་མེད་པའི་ཁྱབ་པ་གསུངས་ཡོད། ཧཧཧ

  • @thupjung2364
    @thupjung2364 3 месяца назад

    ངག་གི་དབང་ཕྱུག་་་ཧཧཧཧཧཧཧཧ

  • @kheduppalden7064
    @kheduppalden7064 3 месяца назад

    གང་ལྟར་ན་བབ་ས་གཅིག་རེད་ཟེར་བ་སོགས་ནི་སྐྱག་འགོ་ས་བཏུམ་དང་ཆབ་སྲིད་ཀྱི་སྐད་ཆ་རེད་དོན་ལ་དབུ་མ་སྔ་རབས་པ་དང་ཕྱི་རབས་པ་གཉིས་ལྟ་བའི་ཆ་ནས་མཐུན་ཐབས་རྩ་བ་ནས་ཡོད་པ་མ་རེད། སུ་བདེན་མིན་ནི་སོ་སོ་ཕྱོགས་སུ་མ་ལྷུངས་བ་དཀྱིལ་ངུ་གནས་ནས་དཔྱད་ན་ཤེས་ཐུབ་པ་ཞིག་རེད།

  • @JamyangWangchuk
    @JamyangWangchuk 3 месяца назад

    གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཀུན་རྫོབ་བདེན་པ་ནི་གཏི་མུག་རང་བཞིན། རང་གི་ངོ་བོ་ཡོད་པ་མི་ཡིན་པ་སྒྲོ་འདོགས་པར་བྱེད་པ། རང་བཞིན་མཐོང་བ་ལ་སྒྲིབ་པར་བྱེད་པའི་བདག་ཉིད་ཅན་ནི། ཀུན་རྫོབ། རྫུན་པའི་རང་བཞིན་ཅན་དུ་དབུ་མ་ཐལ་འགྱུར་པ་འདོད་ལ།
    འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེ་ས་དེ་དག་རྫུན་པ་ཉིད། །
    ཐ་སྙད་ཀྱི་ཆོས་ཐམས་ཅད་ཡུལ་ཅན་གྱི་བློ་ལ་མ་ལྟོས་པར་ཡུལ་རང་དངོས་ནས་ཚུགས་ཐུབ་ཏུ་མི་བླུ་བར་ཚད་མས་གྲུབ་པར་འདོད་པ་ནི་དབུ་མའི་ལུགས་དང་ཅུང་འགལ་བར་སྣང་ངོ་། རིགས་དྲུག་ཚད་མ་རྡོས་བཅས་ཚད་གྲུབ་འགལ། །གསུངས་པ་ལྟར། ཆུ་ཕོར་པ་གང་གི་གོ་ས་ན། རིགས་དྲུག་གི་མིག་ཤེས་དྲུག་གིས་བལྟས་པའི་ཚེ། ཡང་ན་མི་ཡིས་བལྟས་པའི་ཚེ་ཆུའི་ཕོར་པའི་ནང་ཆུ་དང་རྣག་ཁྲག་དང་ཁང་ཁྱིང་ལ་སོགས་ཐམས་ཅད་སྣང་དགོས་པར་ཐལ། ཡུལ་ཐ་སྙད་དུ་ཚུགས་ཐུབ་མི་སླུབ་བའི་ཚད་པས་གྲུབ་པའི་ཕྱིར། དོན་དུ་ཀུན་རྫུབ་ཐ་སྙད་དུ་ཚད་མས་མ་གྲུབ་པས། མི་ལ་ཆུ་དང། ཡི་དྭགས་ལ་རྣག་ཁྲག་ཁོ་ན་མཐོང་ངོ་། དབུ་མའི་ལུགས་ལ་འགྲོ་བ་རིགས་དྲུག་གི་མིག་ཤེས་ལ་བལྟོས་ཏེ། མིག་ཤེས་དེ་ཉིད་མ་འཁྲུལ་བས། དཔེར་ན། མིའི་མིག་ཤེས་ལ་ལྟོས་ཏེ། ཆུར་མཐོང་བ་བདེན། ཡི་དྭགས་ཀྱིས་མིག་ཤེས་ལ་ལྟོས་ཏེ། རྣག་ཁྲག་མཐོང་བ་བདེན་པ་ཡིན་ནོ། མདོར་ན་ཐ་སྙད་ཀྱི་ཆོས་ཐམས་ཅད་བློ་ལ་སྣང་བས་དབང་གིས་བདེན་རྫུན་དུ་བཞག་པ་ལས་ཚུགས་ཐུབ་ཏུ་ཚད་མས་གྲུབ་པ་གང་ཡང་མེད་དོ།