Alalamo: "Gongsa Chok” by Amchok Gonpo Dhundup

Поделиться
HTML-код
  • Опубликовано: 8 сен 2024
  • Alalamo:” Gongsa Chok” by Amchok Gonpo Dhundup
    ཨ་ལ་ལ་མོ་གླུ་གཞས་ལས་རིམ། གླུ་བ་ཨ་མཆོག་མགོན་པོ་དོན་གྲུབ་ཀྱི་གླུ་གཞས། ༸གོང་ས་མཆོག
    ཉེ་སྔོན་འཛམ་གླིང་ས་ཕྱོགས་གང་སར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དེ་བཞིན་རྣམ་པ་འདྲ་མིན་གྱི་གོ་ནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པའི་ཁྲོད། གཞིས་བཞུགས་བོད་མི་རྣམས་ནས་ཀྱང་རྒྱ་གཞུང་གི་དམ་བསྒྲགས་ལ་ལྟོས་མེད་དྲ་ཐོག་རྒྱུད་པར་རིས་དང་ཡིག་རིགས་སོགས་ཀྱི་བརྒྱུད་ནས་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་ཁག་ཅིག་མཇལ་རྒྱུ་འདུག ལྷག་པར་དུ་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་སྤེལ་ཤུགས་ཆེར་འགྲོ་བཞིན་ཡོད་པའི་བརྙན་ཐུང་ནང་། བོད་ནང་གི་བོད་མི་ཁག་གཅིག་མཉམ་འཛོམས་ཐོག་གླུ་བ་ཨ་མཆོག་མགོན་པོ་དོན་གྲུབ་ལགས་ཀྱིས་དེ་སྔོན་ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྐབས་བླངས་པའི་༸གོང་ས་མཆོག་ཞེས་པ་དེ་གླུ་གཞས་དེ་བླངས་འདུག
    འདི་ག་རླུང་འཕྲིན་ཁང་ནས་གླུ་བ་ཁོང་ལ་འབྲེལ་བ་ཞུས་ཏེ་ཆེད་སྒྲིག་ཞུས་པའི་ལེ་ཚན་ཞིག་རྒྱང་སྲིང་ཞུས་ཡོད།
    Follow us:
    Website: www.vot.org
    RUclips: / voiceoftibet
    Twitter: / vot_tibetan
    Instagram: / _voice_of_tibet
    Facebook: / voiceoftibet

Комментарии • 13