སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།

Поделиться
HTML-код
  • Опубликовано: 29 сен 2024
  • སྔ་ལོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ལ་རྒྱ་ནག་གཞུང་ཚབ་ཡན་ལག་གི་ལས་བྱེད་དང་འབྲེལ་བ་བྱུང་ཚུལ་གྱི་སྐྱོན་འཛུགས་ཀྱི་གནས་ཚུལ་བྱུང་རྗེས། ཕྱི་ཟླ་དགུ་པའི་ནང་གི་གྲོས་ཚོགས་མཇུག་སྐྱོང་མ་ཐུབ་པ་བྱུང་ཡོད་པ་རེད། འོན་ཀྱང་ཁ་སང་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་སྔ་ལོའི་གྲོས་ཚོགས་མཇུག་སྐྱོང་གི་སྤྱི་འཐུས་ཀྱི་ཚོགས་འདུ་ཉིན་དང་པོ་དེ་བསྐོང་འཚོགས་གནང་སྐབས། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལྷན་ཁང་གི་ཞིབ་འཇུག་སྙན་ཐོ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པ་དང་སྦྲགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་རྒྱ་ནག་གཞུང་ཚབ་ཡན་ལག་གི་ལས་བྱེད་པ་དང་ཐུག་འཕྲད་བྱུང་སྐོར་གྱི་གནས་ཚུལ་དེ་གཞི་རྩ་མེད་པ་དང་གཙང་མ་ཆགས་ཚར་པ་རེད་ཅེས་གསུངས་ཡོད་པ་རེད།
    Reporter: Lobe
    Producer: Lekmone
    བོད་སྐད་སྡེ་ཚན། Service web: www.rfa.org/tib...
    Subscribe: bit.ly/29XoS4k
    RUclips: / rfatibetan
    facebook: / rfa.tibetan
    twitter: / rfatibet
    soundcloud: / rfatibetan
    podcast: www.rfa.org/tib...

Комментарии • 2

  • @ngawangyangdon7140
    @ngawangyangdon7140 6 месяцев назад

    ཞིམ་སྐྱག་ལ་ས་དོང་གཏིང་རིང་པོ་འི་ནང་དུ་ས་ཁེབ་ཡག་པོ་སྐབས་ན་དགའ་ཤོར་རེད་ཧེ་ཧེ་

  • @labsumdhondup7762
    @labsumdhondup7762 6 месяцев назад

    བོད་པ་བཙན་བྱོལ་ནང་དུ་ནང་ཁུལ་དཀྲུགས་ཤིང་བརྒྱགས་མཁན་སུ་ཡིན་པ་དཔང་རྟགས་ར་འཕྲོད་པ་ཡིན།
    ཁོང་ཚོ་ནི་གོང་ས་མཆོག་ཁ་ལ་འཁྱེར་ནས་ལས་ངན་བརྩོན་མཁན་ཤ་སྟག་ཡིན།
    གོང་ས་མཆོག་གི་ཉེ་འཁོར་ཡོད་མཁན་མི་སྣ་ཚོ། མི་དམངས་ལ་མིག་དཔེ་བཟང་པོ་བསྟེན་རྒྱུ་དགོས་པ་ལས། འདི་འདྲའི་ཞབས་འདྲེན་ཞུ་མཁན་མེད་ན་བཟང་།
    ད་དུང་ཡང་ཁོང་ཚོས། གོང་ས་མཆོག་ལ་བརྟན་བཞུགས་འབུལ་འདོད་ཡོད་ཟེར་གྱིན་རེད།
    གོང་ས་མཆོག་ལ། ཡ་རབ་དྲང་བདེན་དང་བྱམས་བརྩེའི་བརྟན་བཞུགས་དགོས་པ་ལས།
    བྱ་བ་ངན་པ་དཀྲུགས་ཤིང་གི་བརྟན་བཞུགས་མི་དགོས་སོ།
    པོ་ལགས། ཟླ་བ་ཕུན་སྐྱིད་ཀྱི་གདོང་རིས་ངོ་མར་གང་ཡིན་པ་གསལ་པོར་ཆགས་པ་རེད།
    ནང་ཆོས་ལྟར་ན། ཟླ་བ་ཕུན་ལྟ་བུའི་ཉེས་སྡིག་འདིས་ཀྱང་ཚེ་འདིར་བྱ་བར་ལམ་འགྲོ་མེད་པ་དང་ཕྱི་མ་ཡང་ངན་སོང་འགྲོ་ནས་སྡུག་བསྔལ་མྱོང་རྒྱུ་དེ་ཡིན། ཚེ་འདིར། ང་རྒྱལ་དང་། ཁོང་ཁྲོ་དང་། ཞེ་སྡང་། ཕྲག་དོག་དང་། ཆགས་སྡང་ཁོ་ནར། མི་ཚེ་བསྐྱལ་ན། བཀྲ་ཤིས་བདེ་ལེགས་ཡོང་མི་སྲིད་དོ།
    ཟླ་ཕུན་ཁོ་རང་། སྨོན་ལམ་མཐར་ཕྱིན་ལ་དགོངས་དག་ཞུ་ན་ཡག་པོ་ཡོད་ཀྱང་། ཟླ་ཕུན་བལྟ་རྒྱུ་ཡིན། རིས་མེད་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེན་པོ་ཡོང་བ་ཤོག།