༼ མགར་གྱི་གཞོན་པ ༽ མགར་བསམ་འགྲུབ་ཚེ་རིང་།
HTML-код
- Опубликовано: 10 фев 2025
- #lonesomeshephard #tibetannewsong #tibetanlyricvideo #tibetansong
ལྷ་ལ་དད་འདུན་དཀར་པོ་དུང་གི་མདོག།
ཆོས་ལ་ཡིད་སེམས་འགྱུར་མེད་རྡོ་རྗེ་སྤུན།།
མཆོག་གསུམ་གཙུག་ཏུ་བཀུར་བའི་གཞོན་པ་ང་།།
ཕ་ཡུལ་མགར་རྩེ་ཕྱོགས་ཀྱི་འབྲོག་པ་ཡིན།།
འབྲོང་ཆུང་རྭ་རྩེ་སྨུག་གིས་མ་ཆོད་པའི།།
ས་ཆ་དེ་ནི་མགར་ཁོག་རིང་མོ་ཡིན།།
གཤིས་ལ་གངས་རི་སིམ་པའི་གཞོན་པ་ང་།།
ཕ་ཡུལ་མགར་རྩེ་ཕྱོགས་ཀྱི་འབྲོག་པ་ཡིན།།
ཕ་རྒྱུད་དངུལ་དཀར་དུང་གི་རུས་པ་ལ།།
མ་རྒྱུད་ཆུ་མོའི་རྒྱང་ཤེད་ཆེ་ས་རུ།།
སེམས་ལ་སྙིང་རྗེ་ཚེས་པའི་གཞོན་པ་ང་།།
ཕ་ཡུལ་མགར་རྩེ་ཕྱོགས་ཀྱི་འབྲོག་པ་ཡིན།།
རྨིག་ཁ་གོར་མོ་རླུང་གི་དཀྱིལ་འཁོར་ལ།།
རྟ་ཕོ་འགྲོས་ལྡན་སྲུང་མདུད་ཁྲིགས་སེ་ཡོད།།
གནམ་སའི་བང་རིམ་བརྗེ་བའི་གཞོན་པ་ང་།།
ཕ་ཡུལ་མགར་རྩེ་ཕྱོགས་ཀྱི་འབྲོག་པ་ཡིན།།