༼ སྒྲ་སྙན་རྟ་མགྲིན་དབང་ཕྱུག ༽ གནམ་མཚོ།
HTML-код
- Опубликовано: 10 фев 2025
- #tibetannewsong #newtibetansong #tibetansong #tibetanculture #tibetanlyricvideo #lonesomeshephard
སྒྲ་སྙན་རྟ་མགྲིན་དབང་ཕྱུག
ཡབ་ཆེན་མི་འདུག་མ་གསུངས།
ཕོ་ཡི་སྟ་ཤིང་སྡོང་པོ།
ཡབ་ཆེན་མིན་ན་གང་རེད།
སྒྲ་སྙན་རྟ་མགྲིན་དབང་ཕྱུག
ཡུམ་ཆུང་མི་འདུག་མ་གསུངས།
རྩིད་རྩིད་ར་མའི་རྩིད་སྐུད།
ཡུམ་ཆུང་མིན་ན་གང་རེད།
ཨོ་ལོ་དར་དར་སོང་།
གཞོན་པ་དར་སོང་།
སྒྲ་སྙན་གསེར་ལ་བྱས་ཏེ།
རྟ་མགོ་གཡུ་ལ་བཀལ་ཡོད།
སྙན་པོ་ཚིག་གི་མདུད་པ།
རྟ་མགོའི་ནང་ནས་དཀྲོལ་ཡོད།
སྒྲ་སྙན་རྟ་མགྲིན་དབང་ཕྱུག
བུ་ཕྲུག་མི་འདུག་མ་གསུངས།
མགོ་ཡི་གཅུས་ཤིང་དྲུག་པོ།
བུ་ཕྲུག་མིན་ན་གང་རེད།
སྒྲ་སྙན་རྟ་མགྲིན་དབང་ཕྱུག
ཆོས་གྲོགས་མི་འདུག་མ་གསུངས།
མདུན་གྱི་ཕྱག་ཆུང་བཅུ་པོ།
ཆོས་གྲོགས་མིན་ན་གང་རེད།