འབྲས་དཀར།

Поделиться
HTML-код
  • Опубликовано: 8 ноя 2024
  • ༄༅། །འབྲས་དཀར་ནི་བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་ནང་གི་མཐུན་མོང་མ་ཡིན་པ་ཞིག་ཡིན། དེ་ཡང་བོད་ཀྱི་གནམ་ལོ་གསར་ཚེས་ཉིན་དང་པོ་དང་དམིགས་བསལ་དུས་ཆེན་ཁག་ལ་རྟེན་འབྲེལ་མཚོན་བྱེད་དུ་ཁྲབ་སྟོན་བྱེད་སྲོལ་ཡོད། བོད་ལ་གླུ་གར་གྱི་རྒྱ་མཚོ་ཞེས་དུས་སྟོན་ཁག་གྱི་འཁྲབ་སྟོན་སྒྱུ་རྩལ། ནང་མ་བསྟོད་གཞས། རལ་པ། གར། བཀྲིས་ཞོལ་པ་སོགས་སྣ་མང་ཞིག་ཡོད་པའི་ཁོངས་ནས་འབྲས་དཀར་ནི་གཞས་མ་གཏམ་གྱི་འཁྲབ་སྟོན་ཞིག་ཡིན། དེའི་མཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་འཁྲབ་སྟོན་པ་གཅིག་གིས་ཐོག་མར་རྟགས་བརྟེན་འབྲེལ་གྱི་སྨོན་ཚིགས་ནས་དབུ་ཚུགས་སྟེ་བོད་སྲིད་པ་ཆགས་པའི་ཆགས་རབ། བར་ལ་ཞལ་གད་གློང་བའི་གོད་བྲོའི་གཏམ། དེ་ནས་གཞས་དང་ཞབས་བྲོ། མཇུག་གི་སྨོན་ཚིགས་སོགས་མི་གཅིག་གིས་འཁྲབ་སྟོན་སྣ་མང་ཞིག་གནང་གི་ཡོད་པ་དེ་ཡིན།

Комментарии •