སྤྱོད་འཇུག ལེའུ་དྲུག་པ། ཤོ་ལོ་ཀ། ༡༠༩ ངོ་སྤྲོད་གནང་མཁན་དགེ་བཤེས་ངག་དབང་བསོད་ནམས་ལགས།

Поделиться
HTML-код
  • Опубликовано: 15 сен 2024
  • གཟའ་ཉི་མའི་འཛིན་གྲྭ། སྤྱོད་འཇུག ལེའུ་དྲུག་པ། ངོ་སྤྲོད་གནང་མཁན་དགེ་བཤེས་ངག་དབང་བསོད་ནམས་ལགས།
    ༡༠༩ གལ་ཏེ་བཟོད་བསྒྲུབ་བསམ་མེད་པས། །
    དགྲ་འདི་མཆོད་བྱ་མིན་ཞེ་ན། །
    གྲུབ་པ་ཡི་ནི་རྒྱུར་རུང་བ། །
    དམ་པའི་ཆོས་ཀྱང་ཅི་སྟེ་མཆོད། །
    ༡༡༠ གལ་ཏེ་དགྲ་འདི་གནོད་བྱ་བའི། །
    བསམ་ཡོད་མཆོད་བྱ་མིན་ཞེ་ན། །
    སྨན་པ་བཞིན་དུ་ཕན་བརྩོན་ན། །
    བདག་གིས་བཟོད་པ་ཇི་ལྟར་འགྲུབ། །
    ༡༡༡ དེ་བས་རབ་ཏུ་སྡང་སེམས་ལ། །
    བརྟེན་ནས་བཟོད་པ་སྐྱེ་བས་ན། །
    དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །
    དམ་པའི་ཆོས་བཞིན་མཆོད་པར་འོས། །

Комментарии • 5