Tibetan dance song ┃ track 1.5┃ Dege folk song┃ Dege Droma

Поделиться
HTML-код
  • Опубликовано: 20 окт 2024
  • Dege Drama ┃ ༄༅།།སྡེ་དགེའི་བྲོ་ཆེན།
    ཚིག་གདངས། སྡེ་དགེའི་དམངས་ཁྲོད།
    词曲:德格民歌
    Lyrics and composer: Dege folk song
    ལེན་མཁན། ཚེ་དབང་ལྷ་མོ།
    演唱:次旺拉姆
    Artist: Tsewang Lhamo
    འོ། གངས་དཀར་སེང་ལྡེང་ལུང་པའི་ཕུ་ལ།།
    གསེར་གྱི་ལྷ་ཁང་ཡག་མོ་བཞེངས་མོ་ཡོད་་་ཧོ།
    གསེར་གྱི་ལྷ་ཁང་ཡག་མོ་མ་རེད།། གསེར་གྱི་པ་ཏྲ་ཡག་མོ་བྲིས་ཡོད་་་་ཧོ།
    གསེར་གྱི་པ་ཏྲ་ཡག་མོ་མ་རེད།། གསེར་གྱི་རྒྱ་གླིང་ཡག་མོ་འགྱ་མས་འགྱུར་་་་ཧོ།
    གསེར་གྱི་རྒྱ་གླིང་མ་རེད།། རང་ཚང་བླ་ལུ་བཟང་པོའི་གསུང་སྐད་་་་་ཧོ།
    རང་ཚང་བླ་ལུ་བཟང་པོའི་གསུང་སྐད།། ཡར་གྲགས་སེར་པོ་ཧོར་ལ་གྲགས་ཡོད་་་་ཧོ།
    ཡར་གྲགས་གསེར་པོ་་ཧོར་ལ་གྲགས་ན།། མར་གྲགས་ནག་པོ་རྒྱ་ལ་གྲགས་ཡོད་་་ཧོ།
    འོ། གངས་དཀར་སེང་ལྡེང་ལུང་པའི་སྐེད་ལ།།
    དངུལ་གྱི་ལྷ་ཁང་ཡག་མོ་བཞེངས་མོ་ཡོད་་་ཧོ།
    དངུལ་གྱི་ལྷ་ཁང་ཡག་མོ་མ་རེད།། དངུལ་གྱི་པ་ཏྲ་ཡག་མོ་བྲིས་ཡོད་་་་ཧོ།
    དངུལ་གྱི་པ་ཏྲ་ཡག་མོ་མ་རེད།། དངུལ་གྱི་རྒྱ་གླིང་ཡག་མོ་འགྱ་མས་འགྱུར་་་་ཧོ།
    དངུལ་གྱི་རྒྱ་གླིང་མ་རེད།། རང་ཚང་བླ་ལུ་བཟང་པོའི་གསུང་སྐད་་་་་ཧོ།
    རང་ཚང་བླ་ལུ་བཟང་པོའི་གསུང་སྐད།། ཡར་གྲགས་སེར་པོ་ཧོར་ལ་གྲགས་ཡོད་་་་ཧོ།
    ཡར་གྲགས་སེར་པོ་ཧོར་ལ་གྲགས་ན།། མར་གྲགས་ནག་པོ་རྒྱ་ལ་གྲགས་ཡོད་་་ཧོ།
    འོ། གངས་དཀར་སེང་ལྡེང་ལུང་པའི་མདའ་ལ།།
    དུང་གི་ལྷ་ཁང་ཡག་མོ་བཞེངས་མོ་ཡོད་་་ཧོ།
    དུང་གི་ལྷ་ཁང་ཡག་མོ་མ་རེད།། དུང་གི་པ་ཏྲ་ཡག་མོ་བྲིས་ཡོད་་་་ཧོ།
    དུང་གི་པ་ཏྲ་ཡག་མོ་མ་རེད།། དུང་གི་རྒྱ་གླིང་ཡག་མོ་འགྱ་མས་འགྱུར་་་་ཧོ།
    དུང་གི་རྒྱ་གླིང་མ་རེད།། རང་ཚང་བླ་ལུ་བཟང་པོའི་གསུང་སྐད་་་་་ཧོ།
    རང་ཚང་བླ་ལུ་བཟང་པོའི་གསུང་སྐད།། ཡར་གྲགས་སེར་པོ་ཧོར་ལ་གྲགས་ཡོད་་་་ཧོ།
    ཡར་གྲགས་སེར་པོ་་ཧོར་ལ་གྲགས་ན།། མར་གྲགས་ནག་པོ་རྒྱ་ལ་གྲགས་ཡོད་་་ཧོ།

Комментарии • 9