མི་ཁ་དགྲ་བཟློག | मिखा डादोक | Mikha Dadok | Prayer To Word-Of Misfortune |

Поделиться
HTML-код
  • Опубликовано: 28 сен 2024
  • ༄༅།།མི་ཁ་དགྲ་ཟློག་མདོར་བསྡུས་བཞུགས་སོ།
    ༄༅། །རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་
    ལྗང་གུ་འཕྲོས་པས་གཏམ་ངན་མི་ཁ་ཐམས་ཅད་བཟློག་པར་
    འགྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཧུར་ཐུམ་མི་ཁ་གཏམ་ངན་ཐམས་
    ཅད་བཟློག རི་ལི་རི་ལི། ༀ་མ་ཧཱ་ངྷེ་ཝ་དགྲ་བོ་ནྲྀ་ཏྲི་ནི་སྲོག་ལ་
    རྦད་ཆོད། བྷྱོ་མི་ཁ་ངན་པ་བསྒྱུར། མི་ཁ་ངན་པ་དགྲ་བོ་མཱ་ར་
    ཡ་ཐུམས་ཐུམས། རྦད་རྦད། དྲིལ་དྲིལ། བྷྱོ་བྷྱོ། ཟློག་ཟློག བརྒྱ་
    ཡི་མི་ཁ་ཟློག སྟོང་གི་བྲ་མཆུ་ཟློག བརྒྱ་ཁ་ཡེར་ཡེར་ཟློག
    སྟོང་ཁ་མེར་མེར་བཟློག ནད་སྣ་ཟློག གདོན་སྣ་བཟློག
    ཡམས་སྣ་ཟློག རིམས་སྣ་ཟློག དགྲ་སྣ་ཟློག གྱོད་སྣ་ཟློག
    རྐུན་སྣ་ཟློག དམག་སྣ་ཟློག ཉི་མ་ཕྱོགས་བཞི་མཚམས་བརྒྱད་
    ཀྱི་མི་ཁ་གཏམ་ངན་ཐམས་ཅད་ཟློག ངན་སེམས་ཚུར་ལ་
    འཆང་དགྲ་བོ་ཐམས་ཅད་རྦད་རྦད། དྲིལ་དྲིལ། ཐུམས་ཐུམས།
    ཤིག་ཤིག བྷྱོ་བྷྱོ། ཟློག་ཟློག་ཅིག །།
    #Sambhota_Lipi.

Комментарии • 2