འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་གལ་གནད་སྐོར་བཀའ་སློབ། Importance of Non-Violence philosophy

Поделиться
HTML-код
  • Опубликовано: 15 сен 2024
  • ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན། ༢༠༢༤།༠༩།༠༥
    ཐེངས་འདིའི་བརྙན་འཕྲིན་ནང་།
    སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་ནི་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མའི་དགོངས་དོན་ཡིན་པ་དང་། དེ་ནི་འཇིག་རྟེན་ཀུན་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པ་ཧྥི་ལི་པིནསི་ Ramon Magsaysay གཟེངས་རྟགས་ཐེབས་རྩའི་འགན་འཛིན་སོགས་དང་མཇལ་འཕྲད་སྐབས་བཀའ་གནང་འདུག
    བོད་ཀྱི་དུས་སྟོན་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་ད་ཆ་རྒྱལ་ཁབ་ཚང་མར་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་པ་ནི། བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁྲིམས་དང་ལོ་རྒྱུས་གང་གི་ཐད་ནས་ཁུངས་སྐྱེལ་མི་ཐུབ་པའི་རྟགས་མཚན་ཞིག་ཡིན་པ་ནི་གསལ་པོ་རེད་ཅེས་གསུངས་འདུག
    ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་ནང་བོད་པའི་གྲོང་ཚོ་གསར་རྒྱག་གི་ལས་འཆར་དངོས་སུ་འགོ་བཙུགས་བྱས་ཏེ་ས་ཁང་ཉོ་སྒྲུབ་བྱེད་རྒྱུའི་འཆར་གཞི་ཐོག་བསྐྱོད་མུས་ཡིན་འདུག་པ་སོགས་ཀྱི་གནས་ཚུལ་དང་། གླེང་མོལ་གྱི་ལེ་ཚན་བཅས་ཡོད།
    RFA Tibetan TV Program- September 5, 2024
    Anchor: Kalden Lodoe
    Producer: Passang Dhonden
    བོད་སྐད་སྡེ་ཚན། Service web: www.rfa.org/tib...
    Subscribe: bit.ly/29XoS4k
    RUclips: / rfatibetan
    facebook: / rfa.tibetan
    twitter: / rfatibet
    soundcloud: / rfatibetan
    podcast: www.rfa.org/tib...

Комментарии • 10