༧རྒྱལ་དབང་མཆོག་གི་ཞབས་རིམ་ཚིག་བདུན་བླ་སྒྲུབ་ཀྱི་ཚོགས་འབུམ།

Поделиться
HTML-код
  • Опубликовано: 11 сен 2024
  • སྤྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༥ ཉིན་སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་ཁམས་གསུམ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་རྒྱལ་བའི་མྱུ་གུ་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གི་དགུང་གྲངས་སོ་བདུན་ལ་ཕེབས་པའི་དགུང་ཀེག་གི་མཚན་མ་མཐའ་དག་རང་སར་ཞི་སྟེ་བསྟན་འགྲོའི་མཛད་ཕྲིན་ས་གསུམ་འགྲོ་བའི་ཁྱོན་འདིར་ཉི་མའི་དཀྱིལ་འཁོར་བཞིན་རྒྱས་པའི་ཞབས་རིམ་དུ་དམིགས་ཏེ་༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་༧གཽ་ཤྲཱི་རིན་པོ་ཆེ་མཆོག་ཚོགས་མགོན་དབུ་བཞུགས་ཀྱི་སྒོ་ནས་གདན་ས་རུམ་བཏེག །གདན་ས་དཔལ་ཆེན་ཆོས་གླིང་གི་གྲྭ་ཚང་དང་བཙུན་དགོན། ཟུར་མང་བཤད་སྒྲུབ་ཆོས་འཁོར་གླིང་། ཕོ་ལྡང་དགོན་བཀྲ་ཤི་ཆོས་གླིང་། ར་ལང་ཀརྨ་རབ་བརྟན་གླིང་། ཤྲི་པ་གཏམ། མི་རིག་བཙུན་དགོན་སོགས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་བཀའ་བརྒྱུད་ཀྱི་དགོན་སྡེ་ཁག་གི་འདུས་ཚོགས་རྣམས་ནས་འབྲས་ལྗོངས་མངའ་སྡེའི་བློ་ཆེན་སངྒྷ་བླ་མ་བསོད་ནམས་ལགས་དེ་བཞིན་ར་ཝང་ལ་ས་གནས་ཀྱི་བློན་པོ་ཊི་ཊི་བྷོ་ཌི་ལགས་སོགས་གཞུང་འབྲེལ་གྱི་ལས་བྱེད་རྣམ་པ་མཉམ་བཞུགས་ཀྱིས་ར་ཝང་ལ་ཏ་ཐཱ་ག་ཏཱའི་སྐྱེད་མོས་ཚལ་དུ་སྟོན་པ་ཐུབ་པའི་དབང་པོའི་དྲུང་དུ་ཚིག་བདུན་བླ་སྒྲུབ་ཀྱི་སྒོ་ནས་ཚོགས་འབུམ་གསོག་འགྲུབ་དང་མགོན་པོ་མ་ཧཱ་ཀ་ལའི་གསོལ་མཆོད་བཅས་ཀྱིས་མཐའ་རྒྱས་བཀྲ་ཤིས་སྨོན་ལམ་གྱི་སྒོ་ནས་ལེགས་པར་གྲུབ་པ་སརྦ་མངྒ་ལཾ།། །།

Комментарии • 71