Tibetan New Song 2019 ༄།ངའི་བརྩེ་བའི་པ་ལགས། བོད་པའི་གཞས་མ་ཆུང་ཤོས། By Tenzin Pema Duktaktsang

Поделиться
HTML-код
  • Опубликовано: 7 фев 2025
  • Coming more Song from Tenzin Pema Duktaktsang
    ངའི་བརྩེ་བའི་པ་ལགས
    ཚིག། དགའ་སྤག་བློ་བཟང་རྡོ་རྗེ།།
    དབྱངས། སྐལ་བཟང་འབྲུག་སྒྲ་ཚང་།
    གཞས་མ། བསྟན་་འཛིན་པདྨ།
    གྱོན་པ་ཡག་པོ་པ་ལགས་ཀྱིས་གཡོག།
    ཁ་ལག་ཞིམ་པོ་པ་ལགས་ཀྱིས་གནང་།
    གཟུགས་པོ་གཙང་མ་པ་ལགས་ཀྱིས་དཀྲུས།
    ན་དུས་ཨེམ་ཆེ་པ་ལགས་ཀྱིས་གནང་།
    ངའི་བརྩེ་བའི་པ་ལགས་ངའི་པ་ལགས།
    ཁྱེད་ནི་ང་ཡི་འཇིག་རྟེན་ཆུང་ཆུང་ཡིན།
    ངའི་བརྩེ་བའི་པ་ལགས།
    ཁྱེད་ནི་ང་ཡི་འཇིག་རྟེན་ཆུང་ཆུང་ཡིན།
    བུ་མོ་ཡག་མོ་སྙིང་གི་ནོར་བུ།
    རྒན་པར་གུས་ཞབས་ཆུང་བར་བྱམས་སྐྱོང་།
    སེམས་བཟང་སློབ་སྦྱོང་ཡག་པོ་བྱོས་དང་།
    ཕ་མའི་སེམས་ཀྱི་རེ་བ་ཡིན་ནོ།
    ངའི་བརྩེ་བའི་བུ་མོ་ངའི་བུ་མོ།
    ཁྱེད་ནི་ང་ཡི་འཇིག་རྟེན་ཆུང་ཆུང་ཡིན།
    ངའི་བརྩེ་བའི་བུ་མོ།
    ཁྱེད་ནི་ང་ཡི་འཇིག་རྟེན་ཆུང་ཆུང་ཡིན།
    ཉིན་མཚན་མེད་པ་ང་ཚོའི་དོན་དུ།
    སྐུ་ལས་ཡོད་ཀྱང་མི་འདུག་གསུང་གིས།
    ནམ་ཞིག་ང་རང་ཆེན་པོ་ཆགས་དུས།
    པ་ལགས་ཁྱེད་རང་ལྷོད་ལྷོད་བཞུགས་རོགས།
    ངའི་བརྩེ་བའི་པ་ལགས་ངའི་པ་ལགས།
    ཁྱེད་ནི་ངའི་འཇིག་རྟེན་ཆུང་ཆུང་ཡིན།
    ངའི་བརྩེ་བའི་པ་ལགས།
    ཁྱེད་ནི་ངའི་འཇིག་རྟེན་ཆུང་ཆུང་ཡིན།
    འཇི་རྟེན་འདི་ན་གཟི་བརྗིད་ལྡན་པ།
    ཕ་མའི་བྱམས་བརྩེ་བཀའ་དྲིན་ལོས་ཡིན།
    ཕྲུ་གུས་སློབ་སྦྱོང་ཡག་པོ་བྱས་ན།
    ཕ་མར་འཇལ་བའི་དྲིན་ལན་ཡིན་ནོ།
    ངའི་བརྩེ་བའི་བུ་མོ་ངའི་བུ་མོ།
    ཁྱེད་ནི་ང་ཡི་འཇིག་རྟེན་ཆུང་ཆུང་ཡིན།
    ངའི་བརྩེ་བའི་བུ་མོ།
    ཁྱེད་ནི་ང་ཡི་འཇིག་རྟེན་ཆུང་ཆུང་ཡིན།
    ངའི་བརྩེ་བའི་པ་ལགས་ངའི་པ་ལགས།
    ཁྱེད་ནི་ངའི་འཇིག་རྟེན་ཆུང་ཆུང་ཡིན།
    ངའི་བརྩེ་བའི་པ་ལགས།
    ཁྱེད་ནི་ངའི་འཇིག་རྟེན་ཆུང་ཆུང་ཡིན།
    འཇིག་རྟེན་ཆུང་ཆུང་ཡིན།
    འཇིག་རྟེན་ཆུང་

Комментарии • 19