ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༡ ཚེས ༣༠

Поделиться
HTML-код
  • Опубликовано: 6 фев 2025
  • ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་རོགས་སྐྱོར་ལས་གཞི་རེ་ཞིག་ལ་མཚམས་འཇོག་རྒྱུ་ཡིས་བོད་མིར་ཤུགས་རྐྱེན་དང་། ཨི་སི་རལ་དང་པ་ལི་སི་ཐན་བར་གྱི་བཙོན་པ་བརྗེ་རེས། རྒྱ་ནག་གི་བཅོས་རིག་གསར་པའི་ཉེན་བརྡ། ཨ་རི་དང་ཁེ་ན་ཌའི་ཕྱི་སྲིད་དྲུང་ཆེའི་མཇལ་འཕྲད། ཨ་རིས་ཁྲིམས་མཐུན་ཡིག་ཆ་མེད་པའི་ཕྱི་མི་འཛིན་བཟུང་སོགས་ཡོད། ཁ་བའི་མི་སྣའི་ལས་རིམ་ནང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་༡༩༤༨ ལོར་དབྱིན་ཡུལ་དུ་མགྲོན་འབོད་བྱས་པའི་བོད་ཀྱི་དགེ་རྒན་ཐོག་མ་རབ་བྱུང་བ་དང་དགེ་རྒན་ཆེན་མོ་རིག་འཛིན་དབང་པོའི་སྐོར་ལ་བྱེས་ཀྱི་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་རྒན་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལ་བཅར་འདྲི་ཞུས་ཡོད། དྲ་སྣང་གི་བོད་ཀྱི་ལས་རིམ་དུ་རྒྱའི་ཌིབ་ཟིག་རིག་ནུས་ལ་བོད་མི་རྣམས་ཀྱིས་དོ་སྣང་དང་གཟབ་ནན་བྱེད་དགོས་པའི་དཔྱད་བརྗོད་དང་། སྒམ་ཆུང་དྲ་ཚིགས་ངོ་སྤྲོད། རྒྱལ་བ་རིན་པོ་ཆེའི་ཕྱག་དེབ་གསར་པ་སྔ་མངགས་བྱེད་ས། དབྱིན་ཇིའི་རྒྱང་སྲིང་ཁང་གིས་ཨཀྱཱ་རིན་པོ་ཆེར་བཅར་འདྲི་ཞུས་པ་སོགས་ཡོད།།

Комментарии • 1