སྐྱེས་ལྷ་གཉན་ཆེན་ཐང་ལྷ། འགྲེལ་བཤད།👇

Поделиться
HTML-код
  • Опубликовано: 17 июл 2024
  • གཉན་ཆེན་ཐང་ལྷ།
    བོད་ཡུལ་བྱང་ཐང་གི་གནམ་མཚོའི་ལྷོ་ངོས་སམ་འདམ་གཞུང་གི་ནུབ་རྒྱུད་ནས་ཆབ་མདོ་དཔའ་ཤོད་བར་དཀྱུས་སུ་བརྒྱུགས་ནས་ཡོད་པའི་རི་རྒྱུད་ཅིག་གི་མིང་སྟེ། དེའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ནས་སྨི་བདུན་སྟོང་བརྒྱ་དང་བཅུ་གཅིག་ཡོད་པར་བཤད། ལོ་རྒྱུས་ཀྱི་ཡིག་ཚང་དུ་བཤད་པ་ལྟར་ན། འདི་ཉིད་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ལྷ་ཡིན་པ་དང་། སྔར་སློབ་དཔོན་པད་མ་འབྱུང་གནས་བོད་དུ་ཕེབས་སྐབས། བོད་ཀྱི་མི་མ་ཡིན་པ་མང་པོ་དམ་ལ་བཏགས་ནས་ནང་པའི་བསྟན་པ་དང་། བོད་མི་རིགས་སྲུང་སྐྱོབ་བྱེད་མཁན་དུ་བསྐོས་པའི་གྲས་ཤིག་ཡིན། སྐུའི་ཕྱག་མཚན་དང་རྣམ་པ་སོགས་ནི། ཇི་སྐད་དུ། དབུས་ཕྱོགས་འདམ་ཤོད་གངས་རིའི་ཕོ་བྲང་དུ། །གཉན་གྱི་རྒྱལ་པོ་ཡར་བཞུད་འབར་བ་རྩལ། །དཔའ་གཏུམ་མི་དཀར་གཡུ་ཡི་སྨིན་མ་ཅན། །རྟ་མཆོག་ངང་དཀར་རླུང་གི་ཤུགས་འཆང་སྟེང་། །སྦ་ལྕག་ཤེལ་ཕྲེང་དར་དཀར་ན་བཟའ་ཅན། །རེས་འགའ་སྐུ་མདོག་དམར་ནག་གཟི་བརྗིད་རྔམས། །དར་མདུང་ནོར་བུམ་དྲག་པོའི་འཁོར་གསུམ་ཅན། །ལས་བྱེད་མ་བདུན་བྲན་གཡོག་ལྷ་དམག་དང་། །ལྕགས་སྡིག་བྱ་ཁྲ་སྤྲུལ་པ་འཁོར་བཅས་བསྟོད། །ཅེས་གསུངས་པ་ལྟར་དང་། དེ་ཡང་གཉན་ཆེན་ཐང་ལྷ་ནི་སྲིད་པའི་ལྷ་རབས་མཆེད་བཞིའི་ནང་ཚན་འོ་དེ་གུང་རྒྱལ་ཡིན་པར་བཤད་པ་ཡང་ཡོད་ལ། གཉན་པོ་གཡུ་རྩེའི་ཚ་པོ་ཡིན། རྨ་རྒྱལ་གྱི་སྒོ་སྲུང་གི་ཡ་གྱལ་དུ་གྲགས་ཤིང་། གཞི་བདག་དེ་ཉིད་གནས་སའི་རི་རྒྱུད་ཀྱིས་བོད་ཁམས་ལྕགས་རིའི་ཚུལ་དུ་བསྐོར་ཅིང་གཉན་དམག་གི་ཚོགས་རྣམས་ཀྱང་གནས་སོ་སོར་བཞུགས་ནས་བྱ་ར་མཛད་བཞིན་ཡོད་པར་གྲགས། ཆོས་ཀྱི་མཚན་ནས་ཐང་ལྷ་ཡ་ཞུར་གཉན་གྱི་ལྷ་དང་། ལྷ་ཆོས་ཀྱི་མཚན་ནས་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ། གསང་བའི་མཚན་ནས་རྡོ་རྗེ་འབར་བ་རྩལ་ཞེས་གསོལ་ལ། གནས་ཡུལ་ཡང་འདམ་ཤོད་སྣར་མོར་གནས་པར་གྲགས། བོན་གྱི་འདུ་གནས་སོ་བདུན་གྱི་ནང་གསེས་ཤིག་ཡིན། སྔོན་སྟོན་པ་གཤེན་རབ་མི་བོ་གཤེན་ལོ་བཅུ་བདུན་ཐོག་བོད་ཡུལ་དུ་ཞབས་བཅག་དུས་གནས་འདིར་ཕེབས་པར་རྩ་རྒྱུད་ཉི་སྒྲོན་ལས་གསལ་བ་དང། རྗེས་སུ་བོན་གཤེན་རིག་འཛིན་རྣམས་ཀྱི་སྒྲུབ་གནས་སུ་གྱུར། གནས་བདག་གཉན་ཆེན་ཐང་ལྷ་ནི་བོད་ཡུལ་རུ་བཞིའི་ཡུལ་ལྷ་ལས་གཙོ་བོ་ཡིན་པར་འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས་གསུངས་སོ། ། སྨོན་ལམ་ཚིག་མཛོད་ཆེན་མོ་ལས་བཤུས།

Комментарии •