༧རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོའི་མཛད་རྣམ། དུམ་བུ་དྲུག་པ།
HTML-код
- Опубликовано: 5 ноя 2024
- ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་སྤྱི་ལོ་༡༨༧༦ལོར་དྭགས་པོ་གླང་མདུན་དུ་སྐུ་འཁྲུངས་ཤིང་། དགུང་ལོ་གཉིས་ལ་ཕེབས་སྐབས་ལྷ་སར་གདན་ཞུས་ཀྱིས་གསེར་ཁྲི་མངའ་གསོལ་ཞུས་པ་དང་། དེ་ནས་གསན་བསམ་སློབ་གཉེར་གནང་བ། དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་པ། དེའི་སྐབས་དབྱིན་ཇིའི་དམག་རྒྱལ་ས་ལྷ་སར་བར་འབྱོར་ཏེ་༧གོང་ས་མཆོག་སོག་ཡུལ་དུ་ཉེན་གཡོལ་ལ་ཕེབས་པ། སྤྱི་ལོ་༡༩༠༨ལོར་རྒྱ་ནག་རི་བོ་རྩེ་ལྔ་དང་པེ་ཅིང་ལ་ཆིབས་བསྒྱུར་གནང་བ་དང་། རྒྱ་ནག་གི་སྟོང་ལ་ཉེ་བའི་རྒྱལ་རྒྱུད་གཟིགས་ཡོད་པ་མ་ཟད། རྒྱ་ནག་ལ་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ཅིག་དང་མཇལ་གནང་བ། སྤྱི་ལོ་༡༩༡༠ལོ་རྒྱ་ནག་གི་དམག་གི་ཉེན་ཁས་རྒྱ་གར་དུ་ཉེན་གཡོལ་ལ་ཕེབས་དགོས་བྱུང་བ་དང་། དེ་ནས་རྒྱལ་ས་ལྷ་སར་ཕྱིར་ཕེབས་གནང་བའི་རྗེས་སྤང་བླང་གི་རྩ་ཚིག་དོན་ཚན་ལྔ་ཞིག་གསལ་བསྒྲགས་གནང་བ། བོད་ལ་ཤོག་དངུལ་དང་སྦྲགས་འཛིན་གྱི་སྲོལ་གསར་གཏོད་གནང་བའི་ཐོག་སིམ་ལའི་ཆིངས་ཡིག་བཞག་གནང་བ་དང་། བོད་དམག་ལ་བཅོས་སྒྲིག་གནང་ནས་དབྱིན་དམག་གི་ལུགས་ལྟར་བཟོས་གནང་བ། སྨན་རྩིས་ཁང་སོགས་གསར་བཙུགས་གནང་བ། ལྷ་ས་བཀའ་འགྱུར་གསར་བཞེངས་དང་རིག་གཞུང་དར་སྤེལ། ཆབ་འབངས་བདེ་ཐབས་ཀྱི་མཛད་བཟང་སོགས་མཛད་པ་རྒྱ་ཆེ་སྐྱངས་གནང་མཛད་དེ་མཐར་སྤྱི་ལོ་༡༩༣༣ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།