བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར།

Поделиться
HTML-код
  • Опубликовано: 14 окт 2024
  • སྤྱི་ལོ་༢༠༠༢ལོ་ནས་༢༠༡༠ལོའི་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་༧གོང་ས་སྐྱབས་མགོན་ཏྭ་ལའི་བླ་མའི་སྐུ་ཚབ་དབར་གྲོས་མོལ་ཐེངས་༩བྱས་རྗེས་སུ་ཕན་ཚུན་མ་མཐུན་པ་དེ་འགྲིགས་འཇགས་ཡོང་ཐབས་ཀྱི་གྲུབ་འབྲས་དངོས་སུ་ཐོན་མེད་ཅིང་།དེའི་རྗེས་གྲོས་མོལ་མུ་མཐུད་གནང་ཐུབ་མེད་པའི་འགོག་རྐྱེན་གཙོ་བོ་དེ་ཡང་རྒྱ་ནག་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་སྔོན་འགྲོའི་ཆ་རྐྱེན་བཏོན་དང་དེར་གོང་ས་༧རྒྱལ་བ་རིན་པོ་ཆེན་མཆོག་གིས་བདེན་པ་མིན་ཙམ་ངོས་ལེན་ཞུས་མེད་པ་རེད།ཅེས་ཨ་རིའི་གྲོས་ཚོགས་གོང་མའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ནང་དེ་ལྟར་གསལ་ཡོད་པ་དང་།ཨ་རིའི་ཁྲིམས་འཆར་དེའི་ནང་གཙོ་བོ་མ་འོངས་བོད་ཀྱི་མདུན་ལམ་དང་ད་ལྟའི་རྒྱ་བོད་ཞི་འགྲིག་ཡོང་ཐབས་།དེ་བཞིན་ལོ་རྒྱུས་ཐོག་གི་གནས་བབས་སོགས་༧གོང་ས་མཆོག་གི་དགོངས་པ་ཇི་བཞིན་འཁོད་ཡོད་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གསུངས་ཡོད་པ་རེད།གཤམ་ལ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གཙོ་སྐྱོང་བྱས་པའི་གླེང་མོལ་ལེ་ཚན་དེ་ཉན་རོགས་ཞུ། Legmol intro : Tibet Resolution Act states "An obstacle to further dialogue is that the Government of the People’s Republic of China continues to impose conditions on substantive dialogue with the Dalai Lama, including a demand that he say that Tibet has been part of China since ancient times, which the Dalai Lama has refused to do because it is inaccurate", in this show ICT President Tenchoe Gyaltso debrief the significance of the ACT.
    Host: Dorjee Damdul
    Producer: Nordhey Dolma
    བོད་སྐད་སྡེ་ཚན། Service web: www.rfa.org/tib...
    Subscribe: bit.ly/29XoS4k
    RUclips: / rfatibetan
    facebook: / rfa.tibetan
    twitter: / rfatibet
    soundcloud: / rfatibetan
    podcast: www.rfa.org/tib...

Комментарии • 15